ཏེ་ལོ་རིན་པོ་ཆེ་རུ་སོག་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག

1316982277_telo-tulku-rinpoche2ཟླ་འདིའི་ཚེས་༢༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུ་རྒྱལ་ཁོངས་ཀྱི་ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པའི་གཙོ་འཛིན་ཏེ་ལོ་རིན་པོ་ཆེ་ལ་ཆེ་བསྟོད་མཚན་གནས་ཐོག རུ་སོག་བོད་མིའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་འདུག
དེ་ཡང་རུ་སོག་སྐུ་ཚབ་དོན་གཅོད་ཞིང་ནོར་ངག་དབང་རབ་རྒྱས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་བཞག་དང་། རྒྱ་གར་དུ་ལས་བཅར་ཞུ་རྒྱུའི་ཐོངས་མཆན་ཡིག་ཆ་འགྲིགས་མཚམས་ ལས་བཅར་བྱེད་རྒྱུ་ཡིན།

ཏེ་ལོ་རིན་པོ་ཆེ་ནི། ཨ་རིར་འཁྲུངས་ཤིང་། ༸གོང་ས་མཆོག་གིས་ཏེ་ལོ་རིན་པོ་ཆེ་སྐུ་གོང་མའི་ ཡང་སྲིད་དུ་ངོས་འཛིན་མཛད་རྗེས། དགུང་ལོ་བདུན་ལ་སོན་སྐབས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་ནང་ཆོས་བཞུགས་ཀྱིས་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་གནང་བ་མ་ཟད། ད་ལྟའི་ཆར་ཨུ་རུ་སུའི་མངའ་ཁོངས་ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པའི་གཙོ་འཛིན་གྱི་འགན་བཞེས་མུས་ཡིན་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:

Leave a Reply