རྒྱ་རིགས་གྲོགས་པོ་ཚོས་ཀུན་དགའ་བཀྲིས་ལ་སྐྱེལ་མའི་གསོལ་སྟོན་བཤམས།

བྱང་ཨ་རིའི་རྒྱ་བོད་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ཀྱི་ལས་ཁུར་དུས་ཡུན་རྫོགས་ཏེ་རྡ་རམ་ས་ལར་གནས་སྤོས་བྱས་ཡོད་པ་དང་། ཁོང་ཨ་རི་ནས་ཐོན་ཁར་རྒྱ་རིགས་གྲོགས་པོ་རྣམས་ཀྱིས་སྐྱེལ་མའི་གསོལ་སྟོན་ཞིག་བཤམས་འདུག

སློབ་མ་དང་གྲྭ་པའི་བར་འཇིག་རྟེན་ཆགས་འཇིག་སྐོར་ལ་བགྲོ་གླེང་།

ཟླ་འདིའི་ཚེས་༩ ཉིན་གྱི་སྔ་དྲོ་རྒྱ་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་པའི་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དཔེ་མཛོད་ཁང་ཚན་རིག་སྡེ་ཚན་གྱི་གོ་སྒྲིག་འོག ཆོས་ཚན་བར་གྱི་བགྲོ་གླེང་ཞིག་འབྲས་སྒོ་མང་གྲྭ་ཚང་གི་འདུ་ཁང་རྙིང་པའི་ནང་འཚོགས་ཡོད་པ་རེད།

༧གོང་ས་མཆོག་ལ་དྲི་བ་ཁྱད་འཚར་པོ་དེ་འདྲ་དྲིས་པ་ཡག་པོ་མ་རེད།

ཟླ་འདིའི་ཚེས་༩ ནས་ཚེས་༡༤ བར་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊི་ཀའི་མངའ་སྡེའི་གྲོང་ཁྱེར་བྷང་ལོར་དུ་ཡོད་པའི་༧ ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་“བཙན་བྱོལ་བོད་མིའི་མཐོ་རིམ་སློབ་མའི་ཤེས་ཡོན་སློབ་གསོའི་གནས་བབ་དང་གྲུབ་འབྲས་”ཞེས་པའི་བརྗོད་གཞིའི་ཐོག་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་དགུ་བ་ཚོགས་བཞིན་ཡོད་པ་རེད།

ཞི་བའི་སྐད་འབོད་བྱེད་མཁན་གྲྭ་པ་ཞིག་རྒྱ་གཞུང་གི་འཇུ་བཟུང་།

ཟླ་འདིའི་ཚེས་༦ ཉིན་གྱི་ཕྱི་དྲོ་གྲྭ་པདྨ་རྡོ་རྗེས་ཁམས་དཀར་མཛེས་རྫོང་ཐོག་ཏུ་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་སྐད་འབོད་བྱེད་སྐབས། རྒྱ་གཞུང་གི་ཉེན་རྟོག་པས་ཁོང་འཇུ་བཟུང་བྱས་ཡོད་པ་རེད།

བདེན་པ་གཞིར་བཞག་ནས་ཤེས་ཡོན་ཡར་རྒྱས་སུ་གཏོང་རྒྱུ་གལ་ཆེན་རེད།

སུད་སི་དང་ལིཀ་ཏེན་སིཊ་ཡན་བོད་རིགས་མི་མང་གིས་ཅི་ལྟར་གསོལ་འདེབས་ཞུས་དོན་བཞིན། ༧གོང་ས་མཆོག་སུད་སིར་ཆིབས་བསྒྱུར་གྱིས་ཁུལ་དེའི་དད་ལྡན་མང་ཚོགས་ལ་གསུང་ཆོས་ཉིན་གཉིས་ཀྱིས་རིང་གནང་གི་འདུག

༢༠༡༤ ལོ་གཅིག་པུར་རྒྱ་གཞུང་གིས་བོད་མི་༡༣༧ ཙམ་བཙོན་འཇུག་བྱས་འདུག

འགྲོ་བ་མིའི་ཐོབ་ཐང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་བཏོན་པའི་བོད་ནང་གི་ལོ་འཁོར་སྙན་ཐོའི་ནང་གསལ་བ་ལྟར་ན། ༢༠༡༤ ལོའི་ཆབ་སྲིད་བཙོན་པའི་མིང་ཐོའི་རེའུ་མིག་ནང་། དེང་སྐབས་རྒྱ་ནག་གི་བཙོན་འོག་ཏུ་གནས་སྡོད་བོད་མི་ཆབ་སྲིད་བཙོན་པ་༢༡༡༠ ཡོད་པ་དང་། དེའི་ནང་ཕྱི་ལོ་ ༢༠༡༤ ལོ་གཅིག་པུར་བཙོན་འཇུག་ཁྲིམས་ཐག་བཅད་པའི་བཙོན་པ་ ༡༣༧ ཡོད་འདུག

མོ་ཏི་ཡིས་སྲིད་དབང་བཟུང་བའི་རྗེས་ཡི་ཤུའི་ལྷ་ཁང་ལ་གནོད་འཚེ་མང་དུ་སོང་ཟེར།

རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཡོད་པའི་ཡི་ཤུའི་ལྷ་ཁང་ཞིག་མེར་སྲེག་བཏང་པའི་གནད་དོན་ཐོག་གཞུང་གིས་ཞིབ་འཇུག་དང་ཐག་གཅོད་ཡག་པོ་མ་བྱས་པའི་སྐྱོན་བརྗོད་འོག ཡི་ཤུའི་དད་ལྡན་པ་དང་རྒྱབ་སྐྱོར་བ་བརྒྱ་ཕྲག་མང་པོས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ངོ་རྒོལ་བྱས་འདུག

༧གོང་ས་མཆོག་ནི་བྱམས་བརྩེ་ཉམས་ལེན་གནང་མཁན་གྱི་མིག་དཔེ་ཞིག་རེད།

ཟླ་འདིའི་ཚེས་༥ ཉིན་གྱི་ཞོགས་པར་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྒྱལ་ཡོངས་སྨོན་ལམ་གསོལ་སྟོན་ཚོགས་འདུའི་ཐོག་༧གོང་ས་མཆོག་གདན་ཞུ་གནང་ཡོད་པ་དང་། ལྷན་ཚོགས་དེ་ནི་ལོ་རེའི་ཕྱི་ཟླ་༢ པའི་ཚེས་ཤར་ལ་འཚོག་གི་ཡོད་པ་རེད།

ཞི་ཅིན་ཕིང་གི་དམིགས་བསལ་སྐུ་ཚབ་མིང་ཐོག་ནས་ཏཱ་ལའི་བླ་མ་མགོ་གཡོགས།

ཟླ་འདིའི་ཕྱི་ཚེས་༣ ཉིན་ཕྱི་ཕྱོགས་སུ་ཡོད་པའི་རྒྱ་ཡིག་བརྒྱུད་ལམ་མཱིང་ཅིན་གསར་འགྱུར་དྲ་བའི་ཐོག་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་མི་སྣ་ཞིག་གི་སྐད་ཆ་ལུང་འདྲེན་བྱས་ཏེ།

བོད་ཀྱི་རྒྱལ་དར་གྱིས་བོད་མི་ཚང་མ་ངོ་བོ་གཅིག་མཚོན་ཡོད།

བོད་རང་བཙན་སློབ་ཕྲུག་ཚོགས་པས་སྣེ་ཁྲིད་གོ་སྒྲིག་འོག བོད་རང་བཙན་གྱི་ཉིན་མོ་སྲུང་བརྩི་དང་འབྲེལ་བའི་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་དང་འགྲེམས་སྟོན་གྱི་ལས་འགུལ་ཞིག་དྷ་རམ་ས་ལ་གཙོས་ས་ཆ་གང་སར་སྤེལ་འགོ་བཙུགས་ཡོད་པ་རེད།