ཚན་རིག་སློབ་སྦྱོང་དེ་༧གོང་ས་མཆོག་གི་དགོངས་གཞི་གལ་ཆེན་ཞིག་ཆགས་ཡོད།

ཟླ་འདིའི་ཚེས་༤ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་པའི་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་ཚན་རིག་སྡེ་ཚན་གྱི་གོ་སྒྲིག་འོག “མིག་དབང་དང་མིག་ཤེས། དབྱིབས་དང་ཁ་དོག་”ཅེས་པའི་བརྗོད་གཞིིའི་ཐོག་ནང་ཆོས་དང་ཚན་རིག་དབར་གྱི་བགྲོ་གླེང་ཞིག་དགའ་བྱང་སློབ་གྲྭའི་ཚོགས་ཁང་ནང་འཚོགས་ཡོད་པ་རེད།

ཐའེ་ཝན་གྱི་གནམ་གྲུ་ཞིག་གཙང་པོའི་ནང་ཟགས།

ཐའེ་ཝན་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཐའེ་ཝན་བྱང་ཤཪ་ཕྱོགས་ཀྱི་ཁི་ལང་ཞེས་པའི་གཙང་པོའི་ནང་དུ་བརྡབ་ལྷུང་བྱུང་སྟེ། ཉུང་མཐར་ཡང་མི་༣༡ འདས་གྲོངས་སུ་གྱུར་ཡོད་པ་དང་། ད་ལྟའི་ཆར་ད་དུང་མི་༡༢ རྙེད་སོན་བྱུང་མེད་པ་རེད།

ཞི་ཅིན་ཕིང་སྐུ་མགྲོན་གཙོ་བོར་ཕེབས་རྒྱུའི་རེ་བ།

ཕྱི་ཟླ་༣ པའི་ཚེས་༢༣ ཉིན་པ་ཀི་སི་ཐན་གྱི་རང་བཙན་ཉིན་མོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་སྐུ་མགྲོན་གཙོ་བོར་ཕེབས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་དང། ཐེངས་འདིའི་དམག་རྩེད་རུ་སྒྲིག་འགྲེམ་སྟོན་དེ་ལོ་བདུན་རྗེས་གོ་སྒྲིག་བྱེད་པ་ཞིག་ཡིན་འདུག

རི་བོ་དགེ་ལྡན་པའི་འཇང་དགུན་ཆོས་ཆེན་མོའི་མཇུག་བསྡོམས།

ཕྱི་ཟླ་༡ ཚེས་༢ ནས་ཟླ་གཅིག་རིང་འདི་ལོའི་རི་བོ་དགེ་ལྡན་པའི་འཇང་དགུན་ཆོས་ཆེན་མོ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་ཀྱི་སེ་ར་ཐེག་ཆེན་གླིང་དུ་འཚོགས་ནས། ཕྱི་ཟླ་༡ པོའི་ཚེས་༣༡ ཉིན་མཇུག་བསྡོམས་མཛད་སྒོ་སེ་ར་བླ་སྤྱིའི་འདུ་ཁང་ནང་འཚོགས་ཡོད་པ་རེད།

བོད་མདོ་སྨད་མཛོད་དགེ་རྫོང་གི་འབྲོག་པའི་ཞུ་གཏུག་ངོ་རྒོལ་ལས་འགུལ།

རྒྱ་ནག་སི་ཁྲོན་ཞིང་ཆེན་མི་མང་འཐུས་མི་ཚོགས་ཆེན་དང་སི་ཁྲོན་ཞིང་ཆེན་གྱི་ཆབ་སྲིད་གྲོས་ཚོགས་གཉིས་འཚོག་བཞིན་པའི་སྐབས་འདིར། རྒྱ་གཞུང་གིས་བོད་ས་དབང་བསྒྱུར་བྱས་རྗེས། ས་ཆ་བཅད་བགོས་བྱས་པའི་སི་ཁྲོན་ཞིང་ཆེན་གྱི་མངའ་ཁོངས་བོད་མདོ་སྨད་རྔ་པ་ཁུལ། མཛོད་དགེ་རྫོང་གི་འབྲོག་པ་ཁག་ཅིག་གིས་ཞུ་གཏུག་ངོ་རྒོལ་ལས་འགུལ་སྤེལ་སྐབས། ཁོང་ཚོ་བཙན་ཁྲིད་བྱས་ཡོད་འདུག

བོད་རང་སྐྱོང་ལྗོངས་ཀྱི་ལས་བྱེད་༡༥ ལ་བོད་རང་བཙན་དང་འབྲེལ་བའི་ཉེས་འཛུགས།

བོད་རང་སྐྱོང་ལྗོངས་ཀྱི་གཞུང་ཞབས་ལས་བྱེད་༡༥ ཡིས་ཕྱི་ཕྱོགས་ཀྱི་ཏཱ་ལའི་སྒྲིག་འཛུགས་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་པའི་ཉེས་འཛུགས་འོག ད་ལྟ་དངོས་སུ་ཞིབ་བཤེར་བྱེད་བཞིན་ཡོད་འདུག

བོད། དྲ་བའི་དམག་འཁྲུག་གི་མདུན་ས།

ཟླ་འདིའི་ཚེས་༢༨ ཉིན་བོད་དོན་ལས་འགུལ་ཁང་གིས་གསར་བཟོ་བྱས་པའི་“བོད། དྲ་བའི་དམག་འཁྲུག་གི་མདུན་ས་”ཞེས་པའི་གློག་བརྙན་འགྲེམས་སྤེལ་གྱི་མཛད་སྒོ་ཞིག་དྷ་ས་མེག་གྷན་དུ་འཚོགས་པ་དང་། དེ་ནི་སྐད་འཕྲིན་གྱི་ཉེན་ཁ་དང་དྲ་འབུ་འགོག་སྲུང་སྐོར་ཡིན་པ་རེད།

རྒྱ་གར་གྱི་ཟུར་ཟ་རི་མོ་བ་གྲགས་ཅན་ཞིག་འདས་གྲོངས།

རྒྱ་གར་མང་གཙོོའི་དུས་དྲན་ཉིན་སྟེ། ཕྱི་ཟླ་༡ ཚེས་༢༦ ཉིན་གྱི་དགོང་མོ་རྒྱ་གར་གྱི་ཟུར་ཟའི་རི་མོ་བ་གྲགས་ཅན་ ཨཱར་ ཀེ་ ལག་ཤི་མན་རྒྱ་གར་མངའ་སྡེ་མཱ་ཧ་ར་ཤི་ཏ་རའི་གྲོང་ཁྱེར་པཱུ་ནའི་སྨན་ཁང་ཞིག་ཏུ་འདས་གྲོངས་སུ་ཕྱིན་ཡོད་འདུག

རྒྱ་གར་སྲིད་བློན་གྱི་གཙང་བཟོའི་ལས་འགུལ་ནང་མཉམ་ཞུགས་དགོས་རེད།

རྒྱ་གར་གྱི་རྩ་ཁྲིམས་གཏན་འབེབས་དང་མང་གཙོའི་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་༦༦ འཁོར་བའི་དུས་ཆེན་ཉིན་དྷ་སར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྣེ་ཁྲིད་དེ། ཁོར་ཡུག་གཙང་བཟོའི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།

རྒྱ་གར་དམངས་གཙོའི་དུས་དྲན་དང་ཨོ་བྷ་མའི་འཚམས་གཟིགས།

དེ་རིང་རྒྱ་གར་དམངས་གཙོའི་དུས་དྲན་ཐེངས་༦༦ པ་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་འཆར་ཅན་ལྟར་ཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད་པ་དང་། ཉིན་གཅིག་སྔོན་རྒྱ་གར་དུ་འབྱོར་མ་ཐག་པའི་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕེབས་ཡོད་པ་རེད།