བལ་ཡུལ་ས་ཡོམ་གྱིས་བོད་སྟོད་ཕྱོགས་ཀྱི་ས་ཁུལ་མང་པོར་གནོད་སྐྱོན་ཐེབས།

ཕྱི་ཚེས་༢༥ ཉིན་བལ་ཡུལ་དུ་ས་ཡོམ་རིམ་པ་༧.༩ ཅན་ཞིག་བརྒྱབ་སྟེ་ད་ལྟའི་ཆར་ཤེས་རྟོགས་བྱུང་བ་ལྟར་མི་༣༢༡༨ ལྷག་འདས་གྲོངས་སུ་གྱུར་ཡོད་པ་དང་། ས་ཡོམ་དེས་རྐྱེན་པས་བལ་ཡུལ་དང་མཐའ་མཚམས་ཀྱི་བོད་སྟོད་ཕྱོགས་སུའང་གནོན་སྐྱོན་ཐེབས་ཏེ། མི་༡༧ ཙམ་འདས་གྲོངས་སུ་གྱུར་ཡོད་པ་རེད།

བལ་ཡུལ་གྱི་ས་ཡོམ་དེས་བོད་དང་རྒྱ་གར་ལ་ཡང་གནོད་སྐྱོན་བྱུང་འདུག

༸གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནས་བལ་ཡུལ་དུ་ས་ཡོམ་གྱིས་གོད་ཆག་ཚབས་ཆེན་ཕོག་པར་ཐུགས་གསོའི་གསུང་འཕྲིན་དང་། ངལ་སེར་རོགས་སྐྱོར་གནང་ཡོད་པ་རེད།

བལ་ཡུལ་གྱི་རྒྱལ་སར་ས་ཡོམ་གྱི་གནོད་སྐྱོན།

ཟླ་འདིའི་ཚེས་༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡ ཙམ་ལ་བལ་ཡུལ་གྱི་རྒྱལ་སར་ས་ཡོམ་རིམ་པ་༧༌༧ ཅན་ཞིག་བརྒྱབ་སྟེ། ཁང་ཁྱིམ་སོགས་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་པ་མ་ཟད། ད་ལྟའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སླེབས་པ་ལྟར་ན། ད་ལྟའི་ཆར་མི་བཞི་བརྒྱ་ལྷག་གི་ཚེ་སྲོག་ཤོར་ཡོད་པར་ཚོད་དཔག་བྱས་འདུག

པཎ་ཆེན་རིན་པོ་ཆེ་བཙན་ཁྲིད་དང་ཁོང་གི་འཁྲུངས་སྐར་ཉིན་གྱི་ལས་འགུལ།

ཟླ་འདིའི་ཚེས་༢༥ ཉིན་ནི་པཎ་ཆེན་སྐུ་འཕྲེང་བཅུ་པའི་ཡང་སྲིད་དགུང་ལོར་༢༦ ལ་སླེབས་པའི་འཁྲུངས་སྐར་ཡིན་པ་དང་། ཉིན་དེར་བོད་མི་གནས་སྡོད་བྱེད་སའི་ས་གནས་མང་པོར་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་རྟེན་འབྲེལ་མཚོན་བྱེད་དུ་སྲུང་བརྩི་བྱས་པ་དང་། རྒྱ་ནག་ལ་རིན་པོ་ཆེ་གློད་གྲོལ་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།

བོད་ཀྱི་འབྲོག་ཁྱིའི་རིན་ཐང་ཆག་པ།

དེང་སང་བོད་ཀྱི་འབྲོག་ཁྱིའི་རིན་གོང་ཧ་ཅང་མར་ཆག་སྟེ་རྒྱ་ནག་གི་གྲོང་ཁྱེར་ཁ་ཤས་ཤིག་ཏུ་བོད་པའི་འབྲོག་ཁྱི་རྣམས་བཤས་རར་ཕབ་བཞིན་པ་དང་། དུད་འགྲོའི་རང་དབང་རྩོད་ལེན་པ་ཁག་ཅིག་གིས་དེའི་ཐད་ངོ་རྒོལ་བྱས་འདུག

རྒྱ་ནག་དང་ཉི་ཧོང་གི་འགོ་ཁྲིད་གཉིས་ཐུག་འཕྲད་བྱས།

དེ་རིང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཉི་ཧོང་གི་སྲིད་བློན་ཨ་བྷི་གཉིས་ཨན་རྡུ་ནི་ཤི་ཡའི་རྒྱལ་ས་རུ་ཐུག་འཕྲད་བྱས་ཡོད་པ་དང་། ཉི་ཧོང་གི་བརྒྱུད་ལམ་ཁག་ཏུ་ཐེངས་འདིའི་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས་འཁྲབ་སྟོན་བྱས་པའི་མཛའ་བརྩེའི་ངོ་གདོང་གི་རྒྱབ་ཏུ་རྣམ་པ་གཞན་ཞིག་སྦས་ཡོད་པའི་དཔྱད་བརྗོད་སྤེལ་འདུག

པ་ཀི་སི་ཐན་ནང་རྒྱ་ནག་གི་ཤུགས་རྐྱེན་ཆེ་རུ་གཏོང་བ།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་པ་ཀི་སི་ཐན་དུ་རྒྱལ་དོན་འཚམས་གཟིགས་སྐབས། རྒྱལ་ཁབ་གཉིས་བར་ཨ་སྒོར་ཐེར་འབུམ་༤༦ གི་གཞི་རྒྱ་ཆེ་བའི་ལས་འཆར་འཛུགས་རྒྱུ་ཡིན་འདུག

བོད་ཆེན་པོ་ཞེས་པ་རྦད་དེ་རྟོག་བཟོ་བྱས་པ་ཞིག་ཡིན་པས་རྒྱ་ནག་གི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་གྱི་མེད་ཟེར།

ཟླ་འདིའི་ཕྱི་ཚེས་༡༥ ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་གསར་འགྱུར་གཞུང་ལས་ཁང་གིས་<<བོད་འཕེལ་རྒྱས་འགྲོད་ལམ་གྱི་ལོ་རྒྱུས་གདམ་ག>> ་ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཅིག་བཏོན་ཡོད་པའི་ནང་། “བོད་ཆེན་པོ”ཞེས་པ་དེ་རྒྱ་ནག་གི་སྲིད་འཛིན་ས་ཁུལ་དབྱེ་བའི་ལོ་རྒྱུས་ཐོག་གཞི་འཛིན་ས་མེད་པར་རྦད་དེ་རྟོག་བཟོ་བྱས་པ་ཞིག་ཡིན་པས།

རྩོམ་པ་པོ་བློ་མིག་རྔ་པ་ནས་རྒྱ་གཞུང་གིས་བཙན་ཁྲིད།

ཟླ་འདིའི་ཚེས་ ༡༧ ཉིན་གྱི་མཚན་མོའི་ཆུ་ཚོད་བཅུ་གཅིག་དང་ཕྱེད་ཀ་ཡས་མས་ཙམ་ལ་བོད་མདོ་སྨད་རྔ་བ་རྫོང་ཐོག་ནས། རྒྱ་གཞུང་གིས་རྩོམ་པ་པོ་བློ་མིག་འཛིན་བཟུང་བཙན་ཁྲིད་བྱས་པ་དང་། ད་སྐབས་ཁོང་གང་དུ་བཀག་ཉར་བྱས་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

བོད་རྒྱའི་གནད་དོན། བཙན་རྒྱལ་བའི་མདུན་སྐྱོད་རོལ་དབྱངས།

“ཅའོ་ཀྲུའུ( ཀྲུང་ཡོན་ལ་ཟེར། དེ་ནི་བོད་སོག་ཡུ་གུར་མན་ཇུ་སོགས་མ་ཚུད་པའི་རྒྱ་རིགས་རང་གི་རྒྱལ་ཁབ་དེ་ལ་ཟེར། )རྒྱབ་ན། ཕན་རྒོ( བོད་རྒྱལ་ཁབ )ཟེར་བ་ཡོད། ” ཡཱ་ཧྲང(སུང་ལྷོ་མ)རྒྱབ་ན་རྒྱ་ནག་མེད། མིང་རྒྱལ་ཁབ་འཐོར་རྗེས་ཧྭ་ཤའ(ཀྲུང་ཡོན)མེད། “རྡའ་ལུའུ(མན་ཇུ་བ)བསྐྲད་ནས་ཀྲུང་ཧྭ་སླར་གསོ་བྱ། ཟེར་བའི་གྲགས་ཅན་སྐད་ཆ་འདི་ཚོས། ཧྭ་ཤའ་རྒྱ་ནག་པས (རྒྱ་མི )རྒྱ་ནག་ཅེས་པའི་ཐ་སྙད་དང་། མི་རིགས་ཐོབ་ཐང་ངོས་འཛིན།