རྩོམ་ཡིག

བོད་རྒྱའི་གནད་དོན། རྩོམ་ཡིག་གཤག་བཅོས། མགོ་གཉིས་མ་དང་མང་གཙོའི་ཁྲིམས་སྲིད།

རྩོམ་ཡིག་འདི་ནི་མིག་སྔར་དབྱི་སི་རལ་གནས་སྡོད་རྒྱ་མིའི་གྲགས་ཅན་རྩོམ་པ་པོ་ཐང་ཏང་ཧུང་གིས་བརྩམས་ཤིང་། ཉེ་ཆར་ཟླ་བ 8 པའི་ནང་ཁོང་གིས<<བོད་རྒྱའི་གནད་དོན། བཀྲེས་སྟག་མུག་སྤྱང་མདུན་གྱི་རི་དྭགས>>ཞེས་པའི་རྩོམ་རིང་ཞིག་ཨ་རིར་རྟེན་གཞི་བྱས་པའི<<མང་གཙོའི་རྒྱ་ནག>>www.minzhuzhongguo.orgཅེས

རྒྱས་པར་གཟིགས།

‘’སློབ་མ་དབུས་གཞག་’’གཙོ་འདོན་གནང་དགོས།

ཉིན་ཤས་སྔོན་ཁོ་བོས་<<བོད་ཡིག་དགེ་རྒན་ཚོ། གསུང་ཆོས་མ་གནང་རོགས།>> ཞེས་པའི་རྩོམ་ཡིག་ཅིག་སྤེལ་རྗེས་བོད་དགེ་མི་ཉུང་བ་ཞིག་གིས་དགོངས་འཆར་འདྲ་མིན་ཕེབས་པར་དགའ་བསུ་ཞུ་རྒྱུ་དང་།

རྒྱས་པར་གཟིགས།

ཆའོ་ཟན་ཏེ—སེམས་ཁྲལ་འདི་ཁྱོད་ལ་ཡང་བྱུང་ངམ།

གཅིག ༽ ཉིན་འདི་གའི་རིང་གི་དྲ་ཐོག་གི་གླེང་གཞི་ཧྲང་ཧྭེ་བུ་མོ་ཆའོ་ཡི་སྐད་ཆ་དང་དེའི་གཏམ་ལན་གྱི་སྐོར་ལ་སྐད་ཆ་ཚིག་གཉིས་བཤད་འདོད་བྱུང་།

རྒྱས་པར་གཟིགས།

ནུབ་ཕྱོགས་སུ་བོད་མིའི་ངོ་བོ་སྲུང་སྐྱོབ་བྱེད་ཐབས་ཀྱི་སྙན་ཞུ། 

བོད་ཀྱི་སྐད་ཡིག་སྦྱོང་ཐབས་སྐོར་གྱི་དོན་ཚན་༢༣ ཅན་གྱི་སྙན་ཞུ་ཞིག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་སྐུ་ངོ་དོན་གཅོད་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ཕུལ་བ།

རྒྱས་པར་གཟིགས།

བོད་ཡིག་དགེ་རྒན་ཚོ། གསུང་ཆོས་མ་གནང་རོགས།

དེང་སང་ཁ་ཐོགས་ཚད་ཀྱི་བཙན་བྱོལ་བོད་མའི་བོད་ཡིག་གི་གནས་བབ་ཞན་དུ་འགྲོ་བའི་ཐད་སེམས་འཚབ་དང་བསམ་ཚུལ་འདྲ་མིན་གླེང་བཞིན་པའི་སྐབས་འདིར། ད་ལྟའི་བོད་ཡིག་དགེ་རྒན་ཚོ་ལ་ལག་ཟུང་ཐལ་མོ་སྦྱར་ནས་གསོལ་འདེབས་གཅིག་རང་ཞུ་རྒྱུ་ཡོད་པ་དེ་ནི། བཀུར་འོས་བོད་ཡིག་དགེ་རྒན་ཚོ། ཁྱེད་རྣམ་པས་འཛིན་གྲྭའི་ནང་གསུང་ཆོས་མ་གནང་རོགས། ཞུ་རྒྱུ་དེ་ཡིན།

རྒྱས་པར་གཟིགས།

རྒྱ་གར་གྱི་དངུལ་ལོའི་གསར་བརྗེ།

རྒྱ་གར་གྱི་སྲིད་བློན་ནཱ་རན་དྲ་མོ་དྷི་ཡིས་ཕྱི་ཟླ་༡༡ ཚེས་༨ གྱི་མཚན་མོ་རྒྱ་གར་རྒྱལ་ཡོངས་སུ་རྒྱ་གར་གྱི་ཤོག་སྒོར་༡༠༠༠ དང་༥༠༠ གཉིས་སང་ཉིན་ནས་ཁྲོམ་རར་བེད་སྤྱོད་མི་ཆོག་པའི་བཀའ་རྒྱ་བསྒྲགས་ཡོད་པ་རེད། རྒྱ་གར་གཞུང་གིས་དེ་ལྟར་བྱེད་དགོས་པའི་དམིགས་ཡུལ་གཙོ་བོ་ནི་ལྐོགས་ཟ་རུལ་སུངས་དང་། གཞུང་ལ་ཁྲལ་མ་སྤྲད་པར་སྒེར་གྱི་ནང་དུ་དངུལ་འབོར་ཆེན་ཉར་མཁན་འགོག་ཐབས། དེ་བཞིན་ཤོག་དངུལ་རྫུན་མ་སྔོན་འགོག་སོགས་ཀྱི་ཆེད་དུ་ཡིན་ཚུལ་བརྗོད་འདུག ད་ལན་སྲིད་བློན་གྱིས་དབུ་ཁྲིད་ནས་རྒྱ་གར་གཞུང་གིས་ཐག་གཅོད་བྱེད་སྟངས་དེ་ནི་ཧ་ཅང་བློ་སྤོབས་ལྡན་པ་དང་། དབུ་ཁྲིད་ཀྱི་ནུས་པ་ཧ་ཅང་ཆེན་པོ་ཡོད་པ་གསལ་སྟོན་བྱས་སོང་ལ། ཅིག་བྱས་ན་སྲིད་བློན་མོ་དྷི་ཡིས་ད་ལན་ཧ་ཅང་བློ་སྤོབས་ལྡན་པའི་ཐག་གཅོད་དེས་ཁོང་གི་དམིགས་ཡུལ་ནང་ཡོད་པ་བཞིན་རྒྱ་གར་ནང་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་ཞིག་ཀྱང་ཐེབས་སྲིད་པ་མ་ཟད། ད་ལན་དངུལ་ལོའི་གསར་བརྗེ་འདི་ལ་བརྟེན་ནས་རྒྱ་གར་ནང་འགྱུར་ལྡོག་ཆེན་པོ་ཞིག་ཡོང་རྒྱུའི་རེ་བའང་ཡོད་པ་རེད།

རྒྱས་པར་གཟིགས།

ཤེས་ཡོན་ལས་འཕྲོས་པའི་བདེན་གཏམ་ཟུར་གསུམ་མ།  

དེ་རིང་གླེང་སྙིང་འདོད་པ་ནི་ང་ཚོའི་སྤྱི་ཚོགས་ཀྱི་ལེགས་ཆེའི་ཟུར་སྣེའི་སྐོར་ཡིན་ཞིང་། དེ་ཡང་ང་ཚོ་རང་དབང་བྲལ་ཏེ་མི་ཡུལ་ལ་བཙན་བྱོལ་འབྱོར་མ་ཐག་ནས་བཟུང་སྟེ། འབྲེལ་ཡོད་རྣམ་པས་ཤེས་ཡོན་གལ་ཆེ་བཟུང་ནས་མདུན་བསྐྱོད་གནང་བར་བརྟེན་བཟང་ཕྱོགས་ནས་གྲུབ་འབྲས་རླབས་ཆེན་ཐོན་ཡོད།

རྒྱས་པར་གཟིགས།

ལྷོ་ཀོ་རི་ཡའི་སྲིད་འཛིན་གྱི་དེ་རིང་གི་ལས་དབང་། 

དེ་རིང་ངས་དོ་སྣང་བྱེད་བཞིན་པའི་གསར་འགྱུར་གོ་མེན་དང་གུང་ཁྲན་ཚོགས་པ་གཉིས་ཀྱི་མགོ་ཁྲིད་གཉིས་པེ་ཅིན་ཏུ་ཐུག་འཕྲད་བྱེད་བཞིན་པ་དང་། ཐའེ་ཝན་གྱི་གྲགས་སྐར་བུ་མོ་ཞིག་དང་གླ་འཁོར་ཁ་ལོ་བ་ཞིག་བར་རྒྱག་རེས་བརྒྱབ་པ་སོགས་ཆེ་མ་ཆུང་གི་གསར་འགྱུར་འགའ་ཞིག་ཡོད།

རྒྱས་པར་གཟིགས།

འཐབ་རྩོད་ཀྱི་བསམ་བློ་གསོ་བའི་ལས་འགུལ།

ཉེ་ཆར་བོད་པའི་སྤྱི་ཚོགས་ནང་ལས་འགུལ་ཁག་ཅིག་བསྐྱར་དུ་སྤེལ་འགོ་ཚུགས་ཡོད་པ་དང་། རྒྱ་གར་ལྷོ་ཕྱོགས་ནས་དབུ་མའི་ལམ་གྱི་མིང་ཐོག་ནས་འཕྲུལ་རྟ་རྒྱང་བསྐྱོད་ཀྱི་ལས་འགུལ་ཞིག་སྤེལ་ནས་བཞུགས་སྒར་དྷ་རམ་ས་ལ་ནས་མཇུག་བསྡོམས་བྱས་སོང་བ་དང་།

རྒྱས་པར་གཟིགས།