News

ཅི་ལི་རྒྱལ་ཁབ་ཏུ་ས་ཡོམ་གྱི་གོད་ཆག

ཕྱི་ཟླ་༢ ཚེས་༢༧ ཉིན་ཨ་མི་རི་ཁའི་ལྷོ་གླིང་ནང་ཡོད་པའི་ཅིི་ལི་སྤྱི་མཐུན་རྒྱལ་ཁབ་ཏུ་ས་ཡོམ་རིམ་པ་༨་༨ ཅན་ཞིག་བརྒྱབ་ནས་ཕྱི་ནང་གི་སྣོད་བཅུད་ལ་གོད་ཆག་ཚད་མེད་བྱུང་ཡོད་པ་རེད། སྐབས་དེར་སྲིད་འཛིན་མི་ཤཱེལ་བྷ་ཆི་ལེ་ཊ་ཡིས་བདེ་སྲུང་དམག་མི་༧༠༠༠ ལྷག་ཉེན་སྐྱོབ་ཆེད་འཕྲལ་དུ་བཏང་ནས་མི་གྲངས་༥༠༠ ལྷག་མྱུར་སྐྱོབ་ཐུབ་པ་བྱུང་ཡང་ཐོག་མར་མི་གྲངས་༣༠༠ ལྷག་རྐྱེན་ལམ་དུ་ཤོར་ཞིང་། ད་ཆ་མི་གྲངས་༧༢༣ ཙམ་གྱི་སྲོག་ཤོར་ཡོད་པ་མ་ཟད།

རྒྱས་པར་གཟིགས།

ཨ་རི་དང་རྒྱ་ནག་གཉིས་ཚོང་འབྲེལ་སླར་གསོའི་ལམ་བུར་བསྐྱོད་འཆར།

ཕྱི་ཟླ་༣ པའི་ཚེས་༢ ཉིན་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ལམ་རྒྱ་ནག་དང་ཨ་རི་གཉིས་ཀྱི་འབྲེལ་ལམ་ཉམ་ཉེས་སུ་ཕྱིན་ཡོད་ཀྱང་། ཨ་རིའི་སྲིད་འཛིན་ལས་ཁུངས་ནས་ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་གང་མགྱོགས་སྔར་ལྟར་སོར་ཆུད་ཡོང་ཐབས་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག

རྒྱས་པར་གཟིགས།

རྒྱ་ནག་གི་ལས་འཚོལ་བས་མི་མང་གསང་སྤྱོད་ཉལ་ཁང་བཟོས་པ།

རྒྱ་ནག་གི་གྲོང་གསེབ་ཁག་དང་ས་མཐའ་ནས་ཡོང་བའི་ལས་འཚོལ་བ་ཚོ། གྲོང་ཁྱེར་ནང་སླེབས་པ་དང་གནས་སྡོད་ཀྱི་ལག་ཁྱེར་རག་གི་མེད་པ་དང། དེ་བཞིན་རྒྱ་ནག་གཞུང་གིས་ཁང་བདག་གི་དེབ་སྐྱེལ་ཐོ་འགོད་ཀྱི་སྒྲིག་གཞི་ལག་བསྟར་བྱེད་ཀྱི་ཡོད་པས། ལས་འཚོལ་བ་ཚོ་གྲོང་ཁྱེར་གྱི་མི་མང་གསང་སྤྱོད་སྡོད་ཁང་ལྟ་བུ་བཟོས་ནས། གནས་སྡོད་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པས། ཉེ་དུས་རྒྱ་ནག་གི་ཚགས་ཤོག་རིགས་མི་འདྲ་བ་༡༢ ལྷག་ཙམ་གྱིས། ཁང་བདག་གི་དེབ་སྐྱེལ་ཐོ་འགོད་མེད་པ་བཟོ་དགོས་པའི་ངོ་རྒོལ་གྱི་བསྒྲགས་གཏམ་མང་པོ་སྤེལ་ཡོད་འདུག

རྒྱས་པར་གཟིགས།

༧བདག་ཁྲི་རིན་པོ་ཆེའི་མི་མང་ལ་ཚེ་དབང།

འབྲེལ་ཡོད་ནས་གནས་ཚུལ་མཁོ་སྤྲོད་གནང་བའི་ནང་འཁོད་དོན། རྒྱ་གར་བྱང་ཕྱོགས་དྷེ་ར་དྷུན་མངའ་ཁོངས་སུ་གནས་པའི་བྱེས་ཀྱི་གདན་ས་ས་སྐྱའི་ཆོས་སྒར་དུ་དཔལ་ས་སྐྱའི་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་ཆོ་འཕྲུལ་དུས་ཆེན་དང་སྟབས་བསྟུན་ལོ་ལྟར་ཚེ་དབང་སོགས་གནང་མུས་བཞིན། འདི་ལོ་ཡང་ཕྱི་ཟླ་༢ པའི་ཚེས་༢༧ བོད་ཚེས་༡༤ ཉིན་མི་མང་སྟོང་ཚོ་བཞི་ལྷག་ལ་ཚེ་དབང་ལོ་བརྒྱ་མའི་ཆོས་འབྲེལ་བསྩལ་སོང། སྐབས་དེར་མགོན་པོ་གང་ཉིད་ཀྱིས་བཀའ་སློབ་བསྩལ་དོན།

རྒྱས་པར་གཟིགས།

སེ་ར་དགོན་པའི་སྨོན་ལམ།

ཟླ་འདིའི་ཚེས་༨ ནས་རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་ཆེན་གླིང་གི་འདུས་མང་ནས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་འཚོགས་ཡོད་པ་དང་། ཕྱི་ཚེས་༡༥ ཉིན་གྱི་དགོང་མོར་ཕྱི་ལོ་༢༠༠༨ ནས་ད་བར་བོད་ནང་རྒྱ་དམར་གྱིས་དྲག་གནོན་གདུག་རྩུབ་འོག་འདས་གྲོངས་སོང་བ་རྣམས་ཀྱིས་གཙོས། བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ལུས་སྲོག་བློས་གཏོང་བྱས་པའི་དཔའ་བོ་ཕོ་མོ་རྣམས་ཀྱི་ཆེད་དུ་དམིགས་བསལ་བསྔོ་སྨོན་དང་ཚོགས་འཁོར་རྒྱ་ཆེན་བཏང་ཡོད་པ་རེད།།མེ་སོར་གསར་འགོད་པས།

རྒྱས་པར་གཟིགས།

སོག་རྫོང་དུ་བོད་མི་འཇུ་བཟུང།

ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཟླ་སྔོན་མའི་ཟླ་དཀྱིལ་ཙམ་དུ་ཕ་ཡུལ་ཁམས་སོག་རྫོང་ར་རྟ་གྲོང་ཚོ་ནས་ཡིན་པ་བོད་མི་བཀྲ་ཤིས་རང་ལོ་༢༤ ཡིན་པ་རྒྱ་ནག་གཞུང་གིས་འཇུ་བཟུང་བྱས་ཡོད་པ་རེད། འཇུ་བཟུང་བྱེད་དོན་ནི། གློག་ཀླད་དྲ་ཁང་ནང་ནས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པ་དང། ཆབ་སྲིད་དང་འབྲེལ་བའི་པར་རིས་བལྟས་པ་བཅས་ཀྱི་ཉེས་མིང་བཏགས་ཡོད་འདུག ད་སྐབས་ནག་ཆུའི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་ཡོད་པ་རེད།

རྒྱས་པར་གཟིགས།

༧གོང་ས་མཆོག་གི་གསུང་འཕྲིན།

ཉིན་གྲངས་འགའི་སྔོན་དུ་ཅི་ལི་རྒྱལ་ཁབ་ཏུ་ས་ཡོམ་ཤུགས་ཆེན་བརྒྱབ་པའི་རྐྱེན་གྱིས། མི་མང་༧༧༥ ལྷག་ཙམ་རྐྱེན་ལམ་དུ་བཏང་ཡོད་པ་དང། མི་མང་༥༠༠༠༠༠ ལྷག་ཙམ་གྱི་སྡོད་ཁྱིམ་མེད་པར་གྱུར་ཡོད་འདུག ཟླ་འདིའི་འགོ་ནས་ཡུ་རོབ་མཉམ་འབྲེལ་དང་ཨ་རི་སོགས་ནུབ་ཕྱོགས་པའི་རྒྱལ་ཁབ་ཁག་དང་། ཉི་ཧོང་སོགས་ཨེ་ཤ་ཡིའི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་རོགས་རམ་བྱེད་འགོ་ཚུགས་ཡོད་པ་རེད།

རྒྱས་པར་གཟིགས།

བོད་གཞུང་མང་གིས་༸གོང་ས་མཆོག་ལ་བརྟན་བཞུགས།

བོད་གཞུང་མང་བཙན་བྱོལ་དུ་འབྱོར་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩིའི་སྔ་གཞུག་གཉིས་སུ་༸གོང་ས་མཆོག་ལ་བརྟན་བཞུགས་རྒྱས་པ་རེ་བསྟར་འབུལ་ཞུ་རྒྱུའི་ལས་རིམ་སྔོན་ནས་ཡོད་པ་བཞིན། མཇུག་བསྡོམས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་ཡོད་པ་རེད།

རྒྱས་པར་གཟིགས།

བཙན་བྱོལ་བོད་གཞུང་གི་སྲི་ཞུ་ལས་བྱེད་པའི་ཚོགས་འདུ།

ཕྱི་ཟླ་༢ ཚེས་༢༦ ནས་༢༧ བར་བཙན་བྱོལ་བོད་གཞུང་གི་སྲི་ཞུ་ལས་བྱེད་པ་ཡོངས་རྫོགས་དང། ས་གནས་འགོ་འཛིན་ཡོངས་རྫོགས། རྒྱལ་བལ་འབྲུག་གསུམ་གྱི་འབྲེལ་མཐུད་པ་ཡོངས་རྫོགས་དྷ་ཤོད་བོད་ཁྱིམ་ཚོགས་ཁང་དུ་འཚོགས་ནས་ལྔ་བཅུའི་དུས་དྲན་གྱི་མཇུག་བསྡོམས་ལས་རིམ་ཁག་གི་ཉམས་མྱོང་ཐོག་འབྱུང་འགྱུར་ལོ་ལྔ་བཅུའི་རིང་གི་བོད་མི་རིགས་ཀྱི་འཐབ་རྩོད་ལས་དོན་བྱེད་ཕྱོགས་ལ་འཆར་སྣང་གི་བསམ་ཚུལ་བསྡུ་ལེན་བྱས་ཡོད་པ་རེད།

རྒྱས་པར་གཟིགས།

༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་གླེང་བ།

༸རྒྱལ་བ་མཁས་གྲུབ་རྒྱ་མཚོ་དང་འཕྲིན་ལས་རྒྱ་མཚོ་སོགས་དེའི་བར་གྱི་སྐུ་ཕྲེང་རིམ་བྱོན་རྣམས་ག་རེ་བྱས་ནས་སྐུ་ཚེ་མཐར་མ་སོན་པ་རེད། ང་ཚོ་བོད་པའི་སྤྱི་ཚོགས་རང་གི་ནང་དུ་དབང་ཆ་ལ་རེ་བ་ཡོད་མཁན་དེ་ཚོས་སྐུ་ཚེ་ལ་བར་ཆད་བཏང་བ་མིན་པའི་ཁུངས་སྐྱེལ་བྱེད་རྒྱུ་ཁག་པོ་རེད་བསམ་གྱི་འདུག་ཅེས་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས་གསུངས་ཡོད་པ་རེད།

རྒྱས་པར་གཟིགས།