ཨ་རིའི་སྲིད་འཛིན་གསར་རྙིང་གཉིས་ཀྱི་ལྟ་གྲུབ།

ཟླ་འདིའི་ཕྱི་ཚེས་༢༠ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཨ་རི་རྒྱལ་ཡོངས་ཀྱི་གསལ་བསྒྲགས་ཤིག་གི་ནང་དུ་ཆེས་ཁ་གསལ་པོའི་ངང་ཆབ་སྲིད་ཆེད་ཚན་རིག་བེད་སྤྱོད་ལོག་པར་བཏང་བའི་སྲིད་འཛིན་བྷུ་ཤིའི་སྲིད་བྱུས་དེ་མཚམས་འཇོག་རྒྱུ་ཡིན་ཞེས་བརྗོད་འདུག ཨོ་བྷ་མས་ཁོང་གི་ཆབ་སྲིད་ཀྱི་འཛིན་སྐྱོང་ཁྲོད་རང་བྱུང་ཁམས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ནི་སྲིད་བྱུས་གལ་འགངས་ཆེ་ཤོས་ཤིག་ཏུ་བཞག་ཡོད་པ་དང༌། གནམ་གཤིས་ཀྱི་ཚན་རིག་པ་འཛིན་སྐྱོང་གི་ལས་སྣེ་ནང་ཛ་དྲག་དང་གནད་འགག་ཅན་དུ་བཞག་ཡོད་ཅིང༌། གནམ་གཤིས་དང་ཁོར་ཡུག་ལ་འགྱུར་བ་གཏོང་རྒྱུའི་ཕུགས་བསམ་རྒྱ་ཆེན་བཞེས་ཡོད་པ་རེད། སྲིད་འཛིན་བྷུ་ཤིས་ཁོང་གི་གོ་གནས་འཕོ་འགྱུར་མ་བཏང་བའི་མཇུག་མཐའི་གཟའ་འཁོར་གྱི་ནང་སྤྱི་པའི་ས་ཆ་ནས་སྣུམ་དང་གཏེར་ཁ་སོགས་སྔོག་འདོན་དང༌། ལྷག་པར་དུ་རྒྱལ་ཁབ་ཀྱི་གླིང་ཁའི་ནང་མི་མང་གིས་ཁྲིམས་འཐུན་གྱི་ཆོག་མཆན་ཡོད་པའི་མེ་མདའ་གསང་བའི་ངང་འཁྱེར་ཆོག་པ་སོགས་ལ་ཤུགས་སྣོན་རྒྱག་གི་ཡོད་འདུག སྲིད་འཛིན་བྷུ་ཤིའི་འཛིན་སྐྱོང་གི་དུས་སྐབས་སུ་ཆབ་སྲིད་ཀྱི་སྲིད་བྱུས་ལ་མོས་མཐུན་མེད་པའི་གཞུང་གི་ཚན་རིག་པ་མང་པོ་ཁ་བཀག་པ་དང༌། ཚན་རིག་གི་སྙན་ཐོ་ལ་འགྱུར་བ་བཏང་བའི་གནས་ཚུལ་ལྷག་པ། དེ་བཞིན་གཙུག་ལག་སློབ་གཉེར་ཁང་༦༠ ལྷག་གིས་བྷུ་ཤིས་ཆབ་སྲིད་ལག་ལེན་བསྟར་ཕྱོགས་ཐད་དགག་པ་དང་སྐྱོན་བརྗོད་ཀྱིས་ཕོ་བྲང་དཀར་པོར་སྙན་ཞུ་འབུལ་དགོས་པའི་དཀའ་ངལ་འཕྲད་ཡོད་པ་རེད། ཨོ་བྷ་མས་འདས་པའི་འཛམ་གླིང་གི་གནམ་གཤིས་དང་ཁོར་ཡུག་གནོད་སྐྱོན་ལ་སྐྱར་ཞིབ་ཐོག་རང་ཉིད་ཀྱི་འཛིན་སྐྱོང་ནང་ཨ་རིའི་ཚན་རིག་པ་གྲགས་ཅན་འགའ་གཞུང་གི་ཆབ་སྲིད་སློབ་སྟོན་པའི་ལས་སྣེར་བསྐོ་གཞག་གནང་ཡོད་པ་རེད།།

Read more

སྙན་གྲགས་ཅན་གྱི་གཞས་པ་མེ་ཁལ་རྗེག་སན།

གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་ན་སྙན་གྲགས་ཆེ་བའི་ཨ་རིའི་གཞས་པ་གྲགས་ཅན་མེ་ཁལ་རྗེག་སན་ལ་མཆིན་པའི་ནད་གཞི་ལྗིད་པོ་ཕོག་ཡོད་

Read more

དུས་རབས་ཉེར་གཅིག་ནང་རྒྱ་ནག་གང་དུ་ཕྱོགས་ཡོད་དམ།

ཟླ་བ་འདིའི་ལོ་སུམ་ཅུའི་སྔོན་ལ་རྒྱ་ནག་གི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་ཆབ་སྲིད་ལ་འཕོ་འགྱུར་གང་ཡང་བཏང་མེད་ཀྱང༌། རྒྱལ་ཁབ་གཞན་ལ་ཕྱི་ཚོང་དང་ཁྲོམ་ར་གུ་ཡངས་ཀྱི་ལེགས་བཅོས་སོགས་སྒོ་འབྱེད་བྱེད་པའི་དཔལ་འབྱོར་གྱི་གསར་བརྗེའི་ལས་གཞི་གསར་པ་ཞིག་སྤེལ་འདུག རྒྱ་ནག་གི་དུས་རབས་གསར་པ་ནི་ཕྱི་ལོ་༡༩༧༨ ལོ་ཟླ་བ་༡༢ ཚེས་༡༨ ཉིན་གྱི་དམར་ཤོག་ཚོགས་པའི་ཚོགས་འདུའི་སྐབས་སུ་འགོ་ཚུགས་ཡོད་ཅིང༌། སྐབས་དེར་རྒྱ་ནག་ནང་སྒེར་པའི་ཞིང་ལས་ཀྱི་བཟོ་གྲྭ་ཆུང་ངུ་བདག་གཉེར་བྱེད་ཆོག་པའི་ཆོག་མཆན་སྤྲད་ཡོད་པ་རེད། དེ་ནི་མའོ་ཙེ་དོང་གི་སྤྱི་ཚོགས་རིང་ལུགས་ཀྱི་བཟོ་ལས་དང་ཞིང་ལས་ཀྱི་ཕུགས་འདུན་མེད་པ་བཟོ་བའི་གོམ་པ་དང་པོ་དེ་ཡིན་པ་རེད།

Read more

དེ་སྤྱི་ཚོགས་རང་དབང་ཅན་ཞིག་ཡིན་པའི་མཚོན་རྟགས་རེད།

   དེ་སྤྱི་ཚོགས་རང་དབང་ཅན་ཞིག་ཡིན་པའི་རྟགས་མཚོན་རེད་ཅེས་པ་འདི་ནི་ཨ་རིའི་སྲིད་འཛིན་བྷུ་ཤི་མཆོག་གིས་ཨི་རག་གི་རྒྱལ་སར་ཨི་རག་གི་གསར་འགོད་པ་ཞིག་གིས་ལྷམ་གཞུས་པའི་རྗེས་སུ་གསལ་བཤད་གནང་བ་ཞིག་རེད། དེ་ཡང་གཟུགས་མཐོང་རླུང་འཕྲིན་གྱི་གསར་འགོད་པ་མུན་ཏཱ་ཟིར་ཞེས་པ་ཞིག་གིས་ཨི་རག་ཏུ་གསར་འགོད་གསལ་བསྒྲགས་ཤིག་ནང༌། ¿ཁྱི་ཁྱོད། དེ་འོ་ཡི་ཕེབས་སྐྱེལ་ཞིག་ཡིན་¿ཞེས་བརྗོད་ནས་ལྷམ་གཉིས་ཨ་རིའི་སྲིད་འཛིན་བྷུ་ཤིའི་ཐོག་ལ་འཕངས་ཡོད་ཀྱང༌། སྲིད་འཛིན་མཆོག་ལ་ཕོག་ཡོད་མི་འདུག སྐབས་དེར་ཁོང་གིས་འདི་ནི་དགོད་བྲོ་བ་ཞིག་རེད། ངའི་སྲིད་འཛིན་གྱི་ལས་དུས་སུ་གནས་ཚུལ་ཁྱད་མཚར་སྣ་ཚོགས་ཤིག་འཕྲད་བྱུང་ལ། འདི་ཁྱད་མཚར་ཤོས་གྲས་སུ་ཚུད་ཤས་ཆེ། དེ་སྤྱི་ཚོགས་རང་དབང་ཅན་ཞིག་ཡིན་པའི་མཚོན་རྟགས་ཤིག་རེད་ཅེས་བརྗོད་ཡོད་འདུག སྐབས་དེར་ཁོང་རང་ཉིད་ཁ་སྐྱེངས་པ་འདྲ་གང་ཡང་མ་བྱུང་བ་དང༌། དེ་བཞིན་གནས་ཚུལ་དེ་ཨི་རག་གཞུང་དང་གསར་འགོད་པ་གཞན་ལ་ངན་ཁག་འགེལ་རྒྱུ་མེད་པ་དང༌། དེ་སྔོན་ཨ་རིའི་དགུ་བཅུ་གཅིག་གི་དོན་རྐྱེན་ལས་ཨ་རིའི་མི་མང་གི་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུ་ནི་ཁོང་གི་ལས་འགན་གལ་ཆེ་ཤོས་ཡིན་ཞེས་བརྗོད་ཡོད་འདུག

Read more

ཛིམ་བྷ་ཝི་རྒྱལ་ཁབ་ནང་དུ་བཤལ་སྐྱུག་གི་ན་ཚ།

    ཉེ་ཆར་གླིང་ཆེན་ཨ་ཧཕི་རི་ཁའི་ནང་གི་ཛིམ་བྷ་ཝི་རྒྱལ་ཁབ་ནང་གཤལ་སྐྱུག་གི་འགོས་ནད་ཅིག་ཁྱབ་བརྡལ་བྱུང་བ་དང༌། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་བརྗོད་གསལ་ལྟར་ན། ཟླ་འདིའི་ཚེས་༡༦ ཉིན་བར་མི་མང་༩༧༨  འདས་གྲོངས་སུ་གྱུར་ཡོད་འདུག འགོས་ནད་དེ་ཕྱི་ཟླ་བརྒྱད་པ་ནས་འགོ་ཚུགས་ཡོད་ཅིང༌། སྐབས་དེར་ནད་པ་འདས་གྲོངས་སུ་སོང་བ་བརྒྱ་ཆ་༤ ཙམ་ཡིན་ཡང༌། ད་ལྟའི་ཆར་འཆི་རྐྱེན་གྱི་ཉེན་ཁའི་ཚད་བརྒྱ་ཆ་༢༥ཙམ་འཕར་ཟིན་ཡོད་སྐོར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་བློ་འཚབ་ངང་བརྗོད་ཡོད་པ་རེད། དེ་སྔ་ཕྱི་ཟླ་༨ པ་ནས་ད་བར་བཤལ་སྐྱུག་གི་ནད་གཞི་ཕོག་མཁན་༡༨༤༡༣ ཙམ་ཡིན་འདུག ནད་གཞི་འདིའི་རྒྱུ་རྐྱེན་ནི་རྒྱལ་ཁབ་ནང་གི་དཔལ་འབྱོར་དང་ཆབ་སྲིད་ཀྱི་དཀའ་རྙོག་ཆེ་བའི་སྒང་ལ་འཕྲོད་བསྟེན་ལེགས་པོ་མེད་ཅིང༌།

Read more

ཉིས་སྟོང་བརྒྱད་ལོའི་འཛམ་གླིང་མཛངས་མ།

ཉིས་སྟོང་བརྒྱད་ལོའི་འཛམ་གླིང་མཛངས་མའི་འགྲན་སྡུར་གྱི་མཛད་སྒོ་དེ་ཉིད། ཟླ་འདིའི་ཚེས་༡༣ གཟའ་སྤེན་པ་ཉིན་ལྷོ་ཨ་ཧཕི་རི་ཁའི་རྒྱལ་ཁབ་ཀྱི་རྒྱལ་ས་ཇོ་ཧ་ནེ་སི་བྷག་ཏུ་འཚོགས་ཡོད་པ་དང༌། དེར་རྒྱལ་ཁབ་༡༠༩ ཡི་མཛངས་མ་ཡོད་པ་རེད།

Read more

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས་བོད་དོན་གླེང་བ།

ཧཕ་རན་སིའི་གསར་ཁང་ནས་བརྗོད་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༣ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྷན་ཀི་མོན་མཆོག་གིས་རྒྱ་ནག་ལ་ྋགོང་ས་མཆོག་དང་ལྷན་དུ་མུ་མཐུད་ནས་ཞི་འགྲིག་ཡོང་ཐབས་དང༌། རྒྱ་ནག་སྲིད་གཞུང་གིས་བོད་རྒྱའི་གནད་དོན་དེ་ཞི་མོལ་གྱི་ལམ་ནས་སེལ་ཐབས་བྱེད་པའི་རེ་བ་ཡོད་ཅེས་གསུངས་ཡོད་འདུག 

Read more

བོད་ཀྱི་ཉིན་མོ་ཞེས་པའི་ལས་འགུལ།

ཟླ་འདིའི་ཚེས་༨ ཉིན་མོར་རྒྱལ་སྤྱིའི་བུད་མེད་ཚོགས་པའི་འཐུས་མི་ཡིན་པ་ཨ་ཤ་རེ་ཌི་ལགས་ཀྱིས་རྒྱལ་སྤྱིའི་བུད་མེད་ཚོགས་པ་དང་འབྲེལ་གཏུག་བྱས་པ་བརྒྱུད་བོད་ཀྱི་ཉིན་མོ་ཞེས་པའི་མཛད་སྒོའི་ལས་འགུལ་ཞིག་སྤེལ་ཡོད་པ་རེད། དེ་ཡང་རྒྱ་གར་ལྷོ་ཕྱོགས་ཡུལ་གྱི་གྲོང་ཁྱེར་མ་དྷ་ར་ས་འམ་ཆན་ནལ་ཞེས་པར་རྒྱལ་ཁབ་འདྲ་མིན་ནས་ཡིན་པའི་འབྱོར་ལྡན་དང་ཤེས་ཡོད་ཅན་ཉིས་བརྒྱ་མ་ཟིན་ཙམ་བསྡུ་སྐོང་གིས་བོད་ཀྱི་ཉིན་མོ་ཞེས་པ་བོད་ཀྱི་ཆོས་རིག་དང་འབྲེལ་བའི་འགྲེམ་སྟོན་ཀྱི་མཛད་སྒོ་ཞིག་བྱས་ཡོད་སོང༌།

Read more

ཧིན་བོད་མཁས་པའི་བགྲོ་གླེང༌།

ཟླ་འདིའི་ཚེས་༧ ཉིན་ཆོས་སྡེ་བཀྲིས་ལྷུན་པོ་དང་ལྡི་ལི་བོད་ཁང་ཟུང་འབྲེལ་གྱི་གོ་སྒྲིག་འོག ལྷོ་ཕྱོགས་བྷེལ་ཀོབ་ཆོས་སྡེ་བཀྲ་ཤིས་ལྷུན་པོར་བོད་དང་རྒྱ་གར་གྱི་མཁས་པའི་བགྲོ་གླེང་ཐེངས་བརྒྱད་པ་དེ་འཚོགས་ཡོད་པ་དང༌།

Read more

ལོ་ལྔའི་རིང་དྲག་སྤྱོད་གཏོར་སྐྱོན་གྱི་དོན་རྐྱེན།

ལོ་ལྔའི་རིང་རྒྱ་གར་ནང་དུ་འཇིགས་སྐུལ་རིང་ལུགས་པས་དྲག་སྤྱོད་ལས་འགུལ་གྱིས་གཏོར་སྐྱོན།

གསར་འགྱུར་བརྒྱུད་དུ་རྒྱ་གར་ནང་དུ་ལོ་ལྔའི་ནང་དྲག་སྤྱོད་ལས་འགུལ་བྱུང་བ་ཁག་ཕྱོགས་བསྡོམས་བྱས་ཡོད་པ་དང༌། དེའི་ནང་འཁོད་དོན། ༢༠༠༣།༣།༡༣ ལ་མོམ་བྷེ་ལ་མེ་འཁོར་ནས་འབར་རྫས་ཀྱིས་བཙན་རྒོལ་བྱས་ཏེ་མི་གྲངས་༡༡ བསད། ༢༠༠༣།༨།༢༥ ལ་སྒེར་སྤྱོད་རླངས་འཁོར་གཉིས་ནང་འབོམ་བཞག་ནས་མི་༦༠ བསད། ༢༠༠༤།༨།༡༥ ཉིན་ཨ་སམ་མངའ་སྡེའི་ནང་འབོམ་གཏོར་ནས་མི་༡༦ བསད་པ་དང༌། ཕལ་ཆེ་བ་སློབ་ཕྲུག་ཡིན་པ་རེད། ༢༠༠༥།༡༠།༢༩ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་འབར་རྗས་གསུམ་བཏོར་ནས་མི་༦༦ གི་སྲོག་བཅོམ།

Read more