དགེ་འདུན་ཆོས་འཕེལ།
ངའི་མིང་ལ་དགེ་འདུན་ཆོས་འཕེལ་ཟེར་གྱི་ཡོད། ཁམས་སྐྱེ་རྒུ་མདོ་རུ་སྐྱེས་ཞིང་རང་ལོ་༨ ཐོག་ནས་སློབ་གྲྭར་སོང་སྟེ་ལོ་རིམ་བཅུ་པ་ཐོན། ༢༠༠༢ ལོར་རྒྱ་འགོག་རང་སྲུང་གི་ལས་འགུལ་ཁྲོད་ཞུགས་ནས་རྒྱ་དམར་གྱི་བཙོན་ཁང་དུ་དཀའ་སྡུག་མྱངས་དགོས་བྱུང༌། ༢༠༠༣ གྱི་ལོ་མཇུག་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་ནས་ལོ་གསུམ་ཙམ་ལ་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་གཉེར་བྱས། ད་ལྟ་རང་གི་རྐང་པའི་སྒང་ལངས་ནས་མི་རིགས་དང་ཕ་ཡུལ་ལ་ཕན་པའི་ལས་འགུལ་ཁག་ལ་དངོས་བརྒྱུད་གཉིས་ཀྱི་སེམས་ཤུགས་མ་ཆག་པར་ཡོད།








བོད་ཡིག་གི་རིན་ཐང་ནི་ཡུལ་གྱར་འགྲུལ་བཞུད་དང་ལས་ཀ་ཆུང་ཚག་རིགས་གཉེར་རྒྱུའི་ཆེད་ཁོ་ན་ག་ལ་ཡིན། ཁོ་བོའི་མིང་ལ་རྭ་རྒྱ་འཕྲིན་ལས་ཟེར་ཞིང་ཕ་ཡུལ་མཚོ་སྔོན་མཚོ་ལྷོ་ནས་ཡིན་ལ། ད་སྐབས་དྷ་རམ་ས་རུ་རང་འཚོ་ཙམ་དུ་བསྡད་ཡོད། ནམ་རྒྱུན་རང་གི་ཟ་རོགས་འཐུང་རོགས་ཚོ་ལ་རང་གི་རིག་གཞུང་ཐད་ཀྱི་སྐད་ཆ་སྣ་ཚོགས་ཀྱིས་རྣ་བ་སུན་པར་བྱས་པ་ཐེངས་གཅིག་ག་ལ་ཡིན་མོད། 