ཉིན་གཅིག་རིང་གི་བཀའ་དྲིན་རྗེས་དྲན་དང་མཛའ་བརྩེ།
ཆོས་ཉིད་འོད་ཟེར། དྷ་ས།
འཛམ་གླིང་འདིའི་ནང་དུས་ཆེན་སྲུང་བརྩི་འདྲ་མིན་བྱེད་ཀྱི་ཡོད་ལ། དེའི་ནང་དུ་ཆོས་ལུགས་ཁག་གི་དུས་ཆེན་དང། རྒྱལ་ཁབ་ལ་བྱས་རྗེས་ཆེ་བའི་མི་སྣ་ཚོར་རྗེས་དྲན་གྱི་དུས་དྲན། རྒྱལ་ཁབ་ཀྱི་ལས་དོན་གལ་ཆེན་ཞིག་འགོ་འཛུགས་བྱས་པའི་དུས་ཆེན་སོགས་རྣམ་པ་འདྲ་མིན་གྱི་སྒོ་ནས་སྲུང་བརྩི་བྱེད་ཀྱི་ཡོད་པ་རེད། ཕྱི་ཟླ་༡༡ པའི་ཚེས་༡༤ ཉིན་ནི་རྒྱ་གར་རྒྱལ་ཡོངས་ཀྱི་སློབ་ཕྲུག་གི་ཉིན་མོ་ཞེས་སྲུང་བརྩི་བྱེད་ཀྱི་ཡོད་པ་དང། ཉིན་དེ་ནི་རྒྱ་གར་གྱི་སྲིད་བློན་དམ་པ་ནེ་ཧ་རུའི་འཁྲུངས་སྐར་ཉིན་མོ་རེད།

ཟླ་བ་༩ པའི་ཚེས་༢༨ ཉིན་པེ་ཅིང་དུ་ཡོད་པའི་འཛམ་གླིང་རྒྱལ་སྤྱིའི་གསར་འགྱུར་དུས་དེབ་ཁང་གི་ངེས་སྟོན་པ་མཱི་ལིན་དྷ་མཆོག་གིས་རྒྱ་ནག་ཏུ་མི་ལོ་དྲུག་ཅུའི་རྒྱལ་སྟོན་དུས་ཆེན་ལ་བྲིས་པའི་ཆེད་རྩོམ།