དེབ་རེགས་གཞན།

དྲང་ངེས་ཟིན་བྲིས་བློ་བཟང་རྒྱལ་བའི་དགོངས་རྒྱན་ལུང་རིགས་གསེར་གྱི་ཐང་མ།

སེར་བྱེས་ལྷ་རམས་པ་རོང་བོ་བློ་བཟང་སྙན་གྲགས་ལགས་ཀྱིས་བརྩམས་པའི་༼དྲང་ངེས་ཟིན་བྲིས་བློ་བཟང་རྒྱལ་བའི་དགོངས་རྒྱན་ལུང་རིགས་གསེར་གྱི་ཐང་མ་༽ཞེས་པའི་དེབ་ཅིག རྗེ་རིན་པོ་ཆེས་དྲང་ངེས་ལེགས་བཤད་སྙིང་པོ་བརྩམས་ནས་ལོ་ངོ་༦༠༠ འཁོར་བ་དང་སྟབས་བསྟུན་ནས་དཔར་སྐྲུན་འགྲེམས་སྤེལ་བྱས་ཡོད་པ་དང༌། དེབ་དེ་ནི་སེར་བྱེས་མཁན་ཟུར་གཙང་པ་ྋརྗེ་བཙུན་བློ་བཟང་ཚེ་རིང་མཆོག་གི་བཤད་ཁྲིད་གཞིར་བཟུང་ཟིན་བྲིས་སུ་བཀོད་པ་ཞིག་ཡིན་པ་དང༌། དེ་ཡང་མདོ་སྡེ་དགོངས་འགྲེལ་ལ་བརྟེན་ནས་སེམས་ཙམ་པའི་ལྟ་གྲུབ་གཏན་ལ་འབེབས་ལུགས། བློ་གྲོས་མི་ཟད་པའི་མདོ་ལ་བརྟེན་ནས་མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མའི་ལྟ་བ་གསུང་ཚུལ་དེ་ལ་ལེགས་ལྡན་འབྱེད་དང༌། ཞི་བ་མཚོ་ཡབ་སྲས་ཀྱིས་རང་རྒྱུད་པའི་ལུགས་སུ་འགྲེལ་ལུགས་དང༌། སློབ་དཔོན་ཟླ་བ་གྲགས་པ་ཡབ་སྲས་ཀྱིས་ཐལ་འགྱུར་བའི་ལུགས་སུ་འགྲེལ་ལུགས་བཅས་མདོར་ན་སེམས་ཙམ་པ་དང༌། རང་རྒྱུད་པ།

རྒྱས་པར་གཟིགས།

གྲུབ་མཐའི་རྣམ་བཤད་

རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོས་བརྩམས་པའི་གྲུབ་མཐའ་རིན་ཆེན་ཕྲེང་བ་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་བཀའ་ཁྲིད་མཛད་པའི་《གྲུབ་མཐའི་རྣམ་བཤད་》ཅེས་པའི་དཔེ་དེབ་དེ་བོད་ཀྱི་དཔེ་མཛོད་ཁང་གིས་པར་སྐྲུན་བྱས་ཡོད་པ་དང། དཔེ་དེབ་དེའི་ནང་དུ་སྔོན་འགྲོའི་གསུང་ཆོས་དང། གཞུང་དངོས་ཀྱི་བཀའ་ཁྲིད། གྲུབ་མཐའི་སྒྲ་བཤད་དང་ཕྱི་ནང་གི་ཁྱད་པར་བཤད་པ། ཕྱི་རོལ་པའི་གྲུབ་མཐའ་བཤད་པ། རང་སྡེ་ནང་པའི་གྲུབ་མཐའི་རྣམ་གཞག་བཤད་པ་བཅས་དང། ཐེག་ཆེན་བཀར་ཇི་ལྟར་སྒྲུབ་པའི་ཚུལ་བཤད་པ། འཁོར་བ་གསུམ་གྱི་བྱུང་བ་ལས་འཕྲོས་ཏེ་ནང་པའི་ལྟ་སྤྱོད་ཀྱི་ཆེ་བ་སྟོན་པ་སོགས་ཀྱི་སྐོར་འཁོད་ཡོད་པ་རེད། དེབ་དེ་རེ་མདོ་སེང་གེ་ལགས་ཀྱིས་རྩོམ་སྒྲིག་གནང་ཡོད་པ་རེད།།

རྒྱས་པར་གཟིགས།

གངས་སེང་གི་ངར་སྒྲ།

པེ་ཅིང་དུ་གནས་སྡོད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱི་བརྩམས་པའི་<<གངས་སེང་གི་ངར་སྒྲ་>>ཞེས་པའི་ཟིན་ཐོ་དེ་བོད་ཀྱི་ཡིག་བསྒྱུར་ཁང་གི་ཀུན་མཐར་ལགས་ཀྱིས་བོད་བསྒྱུར་གྱིས་འགྲེམས་སྤེལ་བྱས་ཡོད་པ་དང། དེབ་དེ་ནི་ཚེ་རིང་འོད་ཟེར་ལགས་ཀྱིས་ཕྱི་ལོ་༢༠༠༨ ཕྱི་ཟླ་༣ པའི་ཚེས་༡༠ ཆོལ་གསུམ་གཞིས་ལུས་མི་མང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བའི་བྱུང་རིམ་ཟིན་ཐོ་ཞིག་ཡིན་པ་རེད་ལ། ཕྱི་ཟླ་༣ ཚེས་༡༠ ནས་འགོ་འཛུགས་ཀྱིས་ཕྱི་ཟླ་༨ ཚེས་༢༣

རྒྱས་པར་གཟིགས།

རག་རྡོ་བློ་བཟང་བསྟན་འཛིན་གྱི་དཔྱད་རྩོམ་ཐོར་བུ།

ཝཱ་ན་གཙུག་ལག་མཐོ་སློབ་ཀྱི་གསོ་རིག་སློབ་དཔོན་ཆེན་པོ་དཀར་ཤོད་རག་རྡོ་སྤྲུལ་སྐུ་བློ་བཟང་བསྟན་འཛིན་གྱིས་བརྩམས་པའི་<<རག་རྡོ་བློ་བཟང་བསྟན་འཛིན་གྱི་དཔྱད་རྩོམ་ཐོར་བུ།>> ཞེས་པའི་དེབ་གཉིས་པར་སྐྲུན་གནང་ཡོད་པ་དང༌། དེབ་ཕྲེང་དང་པོའི་ནང་སྨན་རྩིས་གཉིས་ཡར་རྒྱས་ཀྱི་བསམ་འཆར་དང༌། རྒྱུད་བཞིའི་སྡོང་འགྲེམས། རེག་པ་རྩ་ལ་བརྟག་པའི་མདོ། གསོ་རིག་གི་སེམས་ཁམས་རིག་པ། ཙ་ར་ཀའི་གླེང་བརྗོད། འཆི་བའི་རྣམ་པ། སློབ་དཔོན་རྟ་དབྱངས།

རྒྱས་པར་གཟིགས།

ཟ་མ་ཏོག

ལྡི་ལི་བོད་ཁང་གི་རྒྱུན་ལྡན་དེབ་ཕྲེང་པུསྟཀ་ ༨ པ་<<ཟ་མ་ཏོག་>>ཅེས་པའི་དཔེ་དེབ་པར་སྐྲུན་བྱས་ཡོད་པ་དང༌། དེབ་དེའི་ནང་དུ་ནུབ་ཧི་མཱ་ལ་ཡའི་གནས་བབ་གླེང་བ་ཞེས་པ་དང༌། (རྩོམ་པ་པོ་རཱ་ཧུ་ལ།) མི་ཕམ་བྱམས་པའི་སྐོར་(ཚུལ་ཁྲིམས་ཕུན་ཚོགས།) བོད་ལུགས་གསོ་རིག་གི་བྱུག་པའམ་བསྐུ་མཉེའི་རྣམ་བཤད་(ཉི་ཟླ་ལྕེ་ནག་ཚང་) དབུས་འགྱུར་ཆོས་སྡེ་ཆེ་ཆུང་རྣམས་ཀྱི་ཆོས་སྤྱོད་སོགས་ཀྱི་མཐར་ཚིགས་བཅད་བྱུང་ཚུལ་དང༌། བསྐང་བ་སོགས་ཀྱི་ཁུངས་བཤད་(ཀློང་རྡོལ་བླ་མ་ངག་དབང་བློ་བཟང་)

རྒྱས་པར་གཟིགས།