ཆུ་སྒང་དབུས་རྒྱུན་གྱི་དངོས་གཞིའི་འོས་བསྡུ།

ཟླ་འདིའི་ཚེས་༣ ཉིན་རྒྱ་གར་གཙོས་བཙན་བྱོལ་ནང་གི་མདོ་སྟོད་མི་མང་སྡོད་གནས་ཚང་མར་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་སྐབས་༢༠པའི་དངོས་གཞིའི་འོས་བསྡུ་བྱས་ཡོད་པ་རེད།

chugangའོས་བསྡུ་དེ་ཆུ་བཞི་སྒང་དྲུག་གིས་གཏན་འབེབས་བྱས་པའི་སྒྲིག་གཞི་དོན་ཚན་༥༡ནང་འོས་བསྡུའི་འགྲོ་སྟངས་ཆ་ཚང་ཡོད་པ་དང་།འོས་བསྡུ་ཚོགས་ཆུང་ཆུ་སྒང་འགན་འཛིན་ལྷན་ཚོགས་ཐོག་ནས་བསྐོ་བཞག་བྱེད་ཀྱི་ཡོད་པ་རེད། འོས་འཕེན་མཁན་རྒྱ་བལ་འབྲུག་གསུམ་དང་།ཕྱི་རྒྱལ་ཁག་ཏུ་བོད་རིགས་གནས་སྡོད་བྱེད་ས་ཚང་མར་ཁྱབ་ཀྱི་ཡོད་པ་དང་། བལ་ཡུལ་དང་ཕྱི་རྒྱལ་ཁག་ཅིག་དུ་ས་གནས་ལ་བསྟུན་ནས་འོས་བསྡུའི་དུས་ཚེས་སྔར་བསྣུར་བྱས་ཡོད་པ་རེད།

མདོ་སྟོད་ཆུ་སྒང་དབུས་རྒྱུན་གྱི་འདེམས་བསྐོས་ནི་བཙན་བྱོལ་ནང་གི་ཚོགས་སྡེ་སྐྱིད་སྡུག་གཞན་དང་མ་འདྲ་བར། དུས་གཅིག་ལ་མདོ་སྟོད་མི་མང་པོ་ཡོད་སའི་ས་གནས་ཚང་མར་འོས་ཤོག་བླུག་ས་གྲ་སྒྲིག་བྱས་ཡོད་པ་རེད།།