མགྲོན་ཁང་བོགས་མ་གཏོང་རྒྱུའི་གསལ་བརྡ།

༄༅། །སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་རྣམ་པས་ད་བར་འགྲོ་བཞིན་པའི་ཉམ་ཐག་ལྟ་སྐྱོང་དང་། ཤེས་རིག་གང་སྤེལ་གྱི་ལས་གཞི་འདི་དག་རྒྱུན་འཁྱོངས་ཡོང་བ་ལ། དཔལ་འབྱོར་གྱི་གཞི་རྟེན་ཡག་པོ་ཞིག་དགོས་རྒྱུར་གལ་ཆེན་གཟིགས་ཏེ། མགྲོན་ཁང་ཞིག་གསར་རྒྱག་བྱ་རྒྱུའི་ལས་འཆར་བསྒྲིགས་པ་བཞིན། དེར་རྒྱལ་ཕྱི་ནང་གི་སྡེ་དགེའི་མང་ཚོགས་ནས་རྒྱབ་སྐྱོར་ཤུགས་ཆེན་བྱུང་པར་བརྒྱུད། ཉེ་སྔོན་(ལྡི་ལི་)བསམ་ཡས་གླིང་(མ་ཇུ་ཏྲི་ལ་)བོད་སྒར་གསར་པའི་གཞུང་ལམ་ཟུར་ན་ལས་གཞི་དངོས་སུ་འགོ་བརྩམས་ཏེ་ད་ཆར་ལས་རིམ་གང་འཚམས་འགྲུབ་ཡོང་བཞིན་ཡོད།

ཚོགས་པའི་ངོས་ནས་མགྲོན་ཁང་འདི་བོགས་མར་གཏོང་རྒྱུར་ཐག་གཅོད་བྱུང་ཡོད་པ་དང་། མགྲོན་ཁང་འདིར་ཉལ་ཁང་ཁང་མིག་ ༢༠ དང་། ཟ་ཁང་ ༡ བཅས་སྤུས་ལྡན་ཡོད་པས་མ་ཚད། འགྲོ་ལམ་བདེ་ཞིང་གློག་སྐས་སོགས་དེང་རབས་ཀྱི་མཐུན་རྐྱེན་ཚད་མཐོར་ལྡན་ཡོད་པས་བོགས་མ་ལེན་འདོད་ཅན་གྱི་སྐྱེ་བོ་ཚོས་ ༢༠༡༦་༡༡་༡༥ ནང་ཚུན་དབུས་ལས་ཁུངས་སུ་སྙན་ཞུ་དང་བཅས་འབྲེལ་བ་ཁ་གསལ་དགོས་རྒྱུའི་གསལ་བརྡ་རུ་
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་
སྡེ་དགེ་ས་ཁང་ཚོགས་ཆུང་ཐུན་མོང་ནས་ ༢༠༡༦་༡༠་༡༠ ཉིན།

འབྲེལ་མཐུད་ཁ་བྱང་།

House # D-44, New Tibetan Camp.
New Aruna Nagar, Majnu-ka-tilla, Delhi-110054, India.

E-mail: degeoffice@gmail.com
Tel. 01123815056 Mb: +9717153449
www.degegws.com www.en.degegws.com