གསལ་བསྒྲགས།
བཀུར་འོས་མདོ་ཁམས་སེར་སྐྱ་མི་མང་ལ་སྙན་སེང་ཞུ་རྒྱུ། མདོ་ཁམས་ཆུ་བཞི་སྒང་དྲུག་སྐབས་༢༠ པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁོངས་སུ་ཕྲན་གྲྭའུ་མཁྱེན་རབ་མཐའ་ཡས་འོས་མི་ལངས་སྐབས་མདོ་སྟོད་རྒྱ་ཆེ་མི་མང་ནས་རྒྱབ་སྐྱོར་གནང་ནས་ཕྲན་ལ་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་གནང་བར་སྙིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། གུས་ནས་ཀྱང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་མི་རབས་སྔ་མ་རྣམས་ཀྱིས་བཞགས་པ་ རྒྱུན་འཁྱོངས་དང་མི་ཉམས་གོང་འཕེལ་ཐོག་ཧུར་ཐག་གིས་ལོ་ངོ་གསུམ་གི་རིང་ཞབས་ཕྱི་ཞུས་པ་ཡིན། ད་ཆ་ཕྲན་ལས་བྲེལ་དབང་གིས་སྐབས་༢༡ པའི་ཆུ་སྒང་དབུས་རྒྱུན་འོས་མིའི་ཁོངས་ནས་དགོངས་ཞུ་ མ་བྱས་ཐབས་མེད་ཡིན་ན་ཡང་། མ་འོངས་པར་རང་ནུས་དང་ཤེས་འཇོན་གང་ཡོད་ཐོག་ཆུ་སྒང་ཚོགས་ པའི་ཞབས་ཕྱི་སྒྲུབ་ཀྱི་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན།
འདི་ལོ་ཕྲན་གྱི་ཚ་བོ་གྲའུ་ངག་དབང་བློ་གྲོས་ལགས་དེ་སྔ་ཝ་ར་ཎ་མཐོ་སློབ་ནས་ཨཅཱརྱ་ལེགས་ཐོན་བྱུང་ བ་དང་ད་ལྟའི་ཆར་ཡང་ཀམ་རའོ་ས་གནས་ཆུ་སྒང་ཚོགས་གཙོའི་ལས་ཁུར་དང་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོའི་ལས་ཁུར་ཞུ་བཞིན་པ་དང་། དབྱིན་བོད་ཧིན་གསུམ་ཀྱི་ཐོག་ཤེས་མྱོང་ཡོད་པ་ཁོང་སྐབས་ ༢༡ གཅིག་པའི་ཆུ་སྒང་འོས་གཞིར་ལངས་ཀྱི་ཡོད་པར་བརྟེན། མདོ་ཁམས་རྒྱ་ཆེའི་མི་མང་གིས་ཁོང་ལ་ རྒྱབ་སྐྱོར་མི་དམན་པ་གནང་རོགས་ཅེས་རེ་བསྐུལ་ཞུ་རྒྱུ་དང་བཅས།
ཕྱི་ལོ་༢༠༡༧ ཟླ་༢ ཚེས་༢༤ གུས་གྲའུ་མཁྱེན་རབ་མཐའ་ཡས་ནས་གུས་ཕུལ།