རྐང་སྤོལ་གཟེངས་རྟགས་དེ་པོག་ར་རུ་ཁག་ལ་ཐོབ་འདུག

140615073432OPཟླ་འདིའི་ཚེས་༡༥ ཉིན་འདི་ལོའི་བོད་རྒྱལ་ཡོངས་རྐང་རྩེད་སྤོའི་འགྲན་རྩོད་མཐའ་མའི་ནང་ལྡེ་ར་ལྡུན་དོན་འགྲུབ་གླིང་དང་། བལ་ཡུལ་པོག་ར་རུ་ཁག་གཉིས་སླེབས་སྟེ། བལ་ཡུལ་པོག་ར་རུ་ཁག་གིས་སྤོ་ལོ་༢དང་། དོན་གྲུབ་གླིང་རུ་ཁག་༠ ཡིན་སྟབས། འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྟགས་མ་དེ་པོག་ར་རུ་ཁག་ལ་ཐོབ་ཡོད་པ་རེད།

འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་སྡུར་ཕྱི་ཟླ་༦ ཚེས་༤ འགོ་འཛུགས་བྱས་ཏེ། རྒྱ་གར་ལྡེ་རེ་ལྡུན་དུ་འཚོགས་པ་དང་། དེའི་ནང་རུ་ཁག་༢༡ མཉམ་ཞུགས་བྱས་ཡོད་པ་རེད།

བལ་ཡུལ་ནས་ཡོང་བའི་ནོར་བུས་ཁྱོན་བསྡོམས་སྐར་གྲངས་ ༩ བསགས་པས་རྩེད་འགྲན་པ་ཡག་ཤོས་ཀྱི་བྱ་དགའ་ཐོབ་ཡོད་པ་རེད།

10394573_713689065339911_8065606316206617583_n10447074_684406068299494_8057381182662912212_n

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||