དགུ་བཅུ་གསུམ་གྱི་སློབ་མ་གསར་བསྡུའི་གསལ་བསྒྲགས།
༄༅། །འདི་ག་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་ལོ་ལྟར་བོད་ཀྱི་ཆབ་སྲིད་བཙོན་ཟུར་གཙོ་བོར་གྱུར་པའི་ཚོགས་མི་རྣམས་ཀྱི་ཤེས་ཚད་གོང་མཐོར་གཏོང་རྒྱུར་དམིགས་ཏེ། དུས་ཡུན་ལོ་གཅིག་རིང་གློག་ཀླད་ཤེས་བྱ་དང་། བོད་ཀྱི་སྐད་ཡིག དབྱིན་ཇིའི་སྐད་ཡིག དབྱིན་སྐད་བཀའ་མོལ་སོགས་འཛིན་གྲྭ་ཞིག་ཚུགས་མུས་སུ་ཡོད་པ་བཞིན། འདི་ལོར་ཡང་སྐབས་བཅུ་བདུན་པའི་སློབ་མ་གྲངས་ཉི་ཤུ་ཡིག་རྒྱུགས་ཀྱི་ལམ་ནས་གསར་བསྡུ་བྱ་རྒྱུ་དང་། གཞན་ཡང་ས་མིག་ལྷག་མ་བྱུང་ཚེ་ཚོགས་མི་མ་ཡིན་པ་རྣམས་ཀྱིས་ལོ་གཅིག་གི་སློབ་ཡོན་སྡེབ་འབུལ་དང་སྙན་ཞུ་འབུལ་སྔ་མགྱོགས་ཐོག གཤམ་གསལ་ཆ་རྐྱེན་ཚང་བ་རྣམས་གཅིག་གྱུར་ཡིག་རྒྱུགས་ཀྱི་ལམ་ནས་བསྡུ་ལེན་བྱ་རྒྱུ་ལགས་ན། འདི་ལོའི་སྤྱི་ཟླ་ 7 ཚེས 20 སྔོན་འདི་གར་སྙན་ཞུ་འབུལ་འབྱོར་དགོས་རྒྱུ་དང་། ཟླ་ཚེས་ལས་ཡོལ་རྗེས་ཀྱི་སྙན་ཞུ་འབུལ་མཁན་རྣམས་སྒུག་ཐོའི་ནང་འཇོག་རྒྱུ་བཅས།
སློབ་གྲྭར་བཞུགས་རིང་མཐུན་རྐྱེན།
1 ༽ བཞུགས་ཡུལ་གོ་སྒྲིག
2 ༽ དུས་གསུམ་གྱི་ཞལ་ལག
3 ༽ ཚོགས་མི་ཡིན་ཚེ་ནད་མནར་རིགས་ལ་སྨན་བཅོས་མཐུན་རྐྱེན་བཅས་ཡོད།
འཛུལ་ཞུགས་ཀྱི་ཆ་རྐྱེན།
1 ༽ རང་བཙན་ལག་དེབ་བམ་དཔྱ་ཁྲལ་ལག་དེབ་ངོ་བཤུས་མཉམ་འཁྱེར་དགོས་རྒྱུ།
2 ༽ རྒྱ་གར་ནང་གནས་སྡོད་ཆོག་པའི་(R.C)དེབ་སྔོན་པོ་ཡོད་ཚེ་ངོ་བཤུས་མཉམ་འཁྱེར་དགོས་རྒྱུ།
3 ༽ སློབ་གྲྭའི་ནང་སྡོད་རིང་སྒྲིག་གཞི་བརྩི་སྲུང་དང་རྙོག་དྲའི་རིགས་མི་བྱ་བའི་ཁས་ལེན་ཡིག་ཆ་དགོས་རྒྱུ།
ཁ་གསལ་མ་བྱུང་ཚེ་གཤམ་གསལ་ཁ་བྱང་ཐོག་འབྲེལ་གཏུག་གནང་ནའང་ཆོག
E-mail: guchusum1991@gmail.com
Phone: (+91) 9882-561566 /1892-220679
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས། 2016.07.02 ཉིན།
Gu Chu Sum Movement Association of Tibet
Potala Road, P.O. McLeod Ganj,
Dharamsala, H.P. 176219
INDIA
www.gu-chu-sum.in
Facebook/Skype/ youtube: Guchusum Tibet
Contact number- (+91)83519-20680/01892-220679