སྐྲ་བཟོའི་ཆེད་ལས་སློབ་ཐོན།
ཟླ་༧ ཚེས་༡༥ ཉིན་དྷ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་མདུན་ལམ་ལམ་སྟོན་ཁང་ནས། ཟླ་གསུམ་རིང་སྐྲ་བཟོའི་ཟབ་སྦྱོང་བྱས་པའི་སློབ་ཐོན་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།
སྐྲ་བཟོའི་སྦྱོང་བརྡར་དེ་ནི་རྒྱལ་ས་ལྡི་ལིར་བརྟེན་གཞི་བྱས་པ་འཇི་ཝ་ཧཱ་བྷིབ་སྐྲ་བཟོའི་(Jawed Habib hair styling training)ཟབ་སྦྱོང་ཁང་གིས་སློབ་ཐོན་རྣམས་ལ་ལག་ཁྱེར་སྤྲོད་ཀྱི་ཡོད་པ་དང་། ཉིན་དེའི་སྐུ་མགྲོན་གཙོ་བོ་དྷ་ས་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་ངག་དབང་ཐར་པས། སྐྲ་བཟོའི་ལག་རྩལ་འདི་བོད་པའི་རིག་གཞུང་ནང་སྔོན་མ་མེད་ཀྱང་། དེང་དུས་ཀྱི་སྤྱི་ཚོགས་ཁྲོད་དར་ཁྱབ་ཆེན་པོ་དང་། གལ་ཆེན་པོ་ཆགས་ཡོད་པས། སློབ་ཐོན་པ་ཚང་མས་སོ་སོའི་ཆེད་ལས་ལ་མཐོང་ཆེན་བརྩི་དགོས་པ་དང་། སྐྲ་བཟོ་སྐབས་ངེས་པར་དུ་སྐྲ་བཟོ་ཡུལ་མི་དེའི་འདོད་པ་བསྟུན་དགོས་པ་གལ་ཆེན་ཡིན་སྐོར་དང་། མ་འོངས་པར་ལས་དོན་གང་བྱས་ཀྱང་སོ་སོའི་ཁེ་ཕན་གཅིག་པུ་ལ་མ་ལྟས་པར་། གཞན་ལ་ཕན་པ་ཡོད་པའི་ཐོག་ནས་ལས་ཀ་བྱས་ནས་དགེ་མཚན་ཆེ་སྐོར་སོགས་གསུངས་ཡོད་པ་རེད།
དེ་ འཇི་ཝ་ཧཱ་བྷིབ་སྐྲ་བཟོའི་(Jawed Habib hair styling training)ཟབ་སྦྱོང་ཚོགས་པའི་སྐུ་ཚབ་ནཱ་རིན་སིང་དང་། དེ་སྔོན་གྱི་སློབ་ཐོན་སློབ་མ་བཀྲ་ཤིས་བསམ་འགྲུབ་དང་། མདུན་ལམ་ལམ་སྟོན་ཚན་པའི་འགན་འཛིན་དཔལ་ལྡན་བཟང་པོས་མཛད་སྒོ་དང་འབྲེལ་བའི་གཏམ་བཤད་གནང་བ་བ་མ་ཟད། ཟབ་སྦྱོང་སྤྲད་མཁན་ཀརྨ་གཡུ་སྒྲོན་གྱིས་ཐུགས་རྗེ་ཆེ་ཞུས་གསུང་བཤད་གནང་ཡོད་པ་རེད།།