དུས་དབང་ཐེངས་༣༤ པ་གནང་རྒྱུའི་གསལ་བསྒྲགས།

༢༠༡༦ ལོའི་ཟླ་བ་ ༡ ཚེས་ ༡༤ ནས་ཕྱི་ཚེས་ ༢༥ བར་༧གོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༤ གནང་རྒྱུ་ཡིན་པས་གསལ་བསྒྲགས་ཆོས་རིག་ལས་ཁུངས་ཀྱིས་སྤེལ་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸ཞལ་སྔ་ནས་གནས་མཆོག་རྡོ་རྗེ་གདན་དུ། བོད་རྒྱལ་ལོ་ ༢༡༤༢ ཟླ་བ་ ༡༢ ཚེས་ ༥ ནས་ཚེས་ ༡༧ སྟེ། ཕྱི་ལོ་ ༢༠༡༦ ཟླ་བ་ ༡ ཚེས་ ༡༤ ནས་ཕྱི་ཚེས་ ༢༥ བར་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ བཀྲིན་བསྐྱང་རྒྱུའི་བཀའ་བཟང་སྤྱི་སྨིན་ལྟར། བོད་མིའི་སྒྲིག་འཛུགས་དཔལ་ལྡན་བཀའ་ཤག་ནས་ཐེངས་འདིའི་དུས་དབང་གི་གྲ་སྒྲིག་ཞུ་སྒོའི་ལས་འགན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ལ་བསྐུར་གནང་མཛད་བསྟུན། དུས་དབང་གྲ་སྒྲིག་ཚོགས་ཆུང་ཟུར་འཛུགས་ཀྱིས་ཚོགས་ཆུང་གི་ཚོགས་གཙོ་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་དང། ཚོགས་གཞོན་དཔལ་ལྡན་བདེ་སྲུང་བཀའ་བློན་མཆོག་ དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་ཚབ། རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ། ཚོགས་མི་རྡོར་གདན་མཆོད་རྟེན་འཛིན་སྐྱོང་ཚོགས་ཆུང་གི་དྲུང་ཆེ། ཆོས་རིག་དྲུང་ཆེ། དཔལ་འབྱོར་དྲུང་ཆེ། བདེ་སྲུང་དྲུང་ཆེ། ཆོས་རིག་དྲུང་འཕར་བཅས་ལ་གཏན་འེབབས་ཀྱིས་སྟ་གོན་བགྱི་སྒོ་ཞུ་མུས་སུ་མཆིས།

དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས ༣༤ དང་འབྲེལ་བའི་གནས་ཚུལ་ཆ་ཚང་གྲ་སྒྲིག་ཚོགས་ཆུང་གི་གཞུང་འབྲེལ་དྲ་རྒྱ་ www.kalachakra2016.net ཐོག་འདོན་བཤམ་ཡོད་པ་གཟིགས་གནང་ཡོང་བ་ཞུ་རྒྱུའི་གསལ་བསྒྲགས་སུ།

དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པའི་གྲ་སྒྲིག་ཚོགས་ཆུང་ནས་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡༣ ལ་སྤེལ།

As earnestly solicited by The Central Tibetan Administration, His Holiness the Dalai Lama has graciously assented to confer Kalachakra Initiation at Bodhgaya. The 34 edition of The Kalachakra Initiation is scheduled to commence on 14th January 2016 and will conclude on 25th January 2016.

The Kashag, Central Tibetan Administration, has assigned the task of the organizing the event to Department of Religion and Culture and accordingly has constituted Kalachakra-2016 Organzing Committee. The Hon. Kalon, Department of Religion and Culture (DRC) is the Chairperson while The Hon. Kalon, Department of Security (DOS), Representative of The Gaden Phodrang, Rev. Abbot of Namgyal Monastery, are vice-Chairpersons. The Member Secretary, BTMC, Bodhgaya, Secretaries of DRC, Deptt. of Finance (DOF), DOS and The Addl. Secretary of DRC are members. The Organizing Committee has commenced preparatory activities.

All the relevant information pertaining the Kalachakra – 2016 has been furnished in the official website of the Organizing Committee www.kalachakra2016.net activate on 13th July 2016.

Organizing Committee Kalachakra-2016.

Share this:

Leave a Reply