Skip to content
༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་དད་དམ་གཡོ་བ་མེད་པ་རིས་སུ་མ་མཆིས་པའི་ཆོས་ཞུ་བ་སེར་སྐྱ་ཡོངས་ཀྱི་སྙན་ལམ་དུ།
༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༠ ནས་ ༢༣ བར་ཚད་མ་རྣམ་འགྲེལ་གསུང་ཆོས་དང་། ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༤ ནས་ཕྱི་ཟླ་ ༡ ཚེས་ ༢ བར་སྔ་འཕྲོས་ཞྭ་དམར་ལམ་རིམ་དང་། ལམ་རིམ་རྣམ་གྲོལ་ལག་བཅངས་བཅས་བཀའ་དྲིན་བསྩལ་རྒྱུ། ཕྱི་ཚེས་ ༣ དང་ ༤ གཉིས་ལ་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བཀའ་དབང་གནང་གཏན་འཁེལ་བ་བཅས་ཀྱི་ཆོས་བརྡར།
བྱང་ཆུབ་ལམ་རིམ་གསུང་ཆོས་གོ་སྒྲིག་ལྷན་ཚོགས་ནས། ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༠ ལ།
New dates for His Holiness the Dalai Lama’s
2015 Jangchup Lamrim Teachings
We are pleased to announce that the dates of His Holiness the Dalai Lama’s 2015 Jangchup Lamrim Teachings have been extended to include the 16 Drops of Kadam Initiation:
· 24 December 2015 – 2 January 2016: Jangchup Lamrim Teachings
· 3 – 4 January 2016: Sixteen Drops of Kadam Initiation organized by the Jangchup Lamrim Teaching Organizing Committee