ལས་བྱེད་གསར་བསྡུའི་གསལ་བསྒྲགས།
དྷ་སར་རྟེན་གཞི་བྱས་པའི་ལྷ་སྤྱི ་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གན ས་ཁང་གི་བོད་ཀྱི་སྐད་ཡིག་དང་རི ག་གནས་དར་སྤེལ་གྱི་ལས་གཞི་འོག་ ཡིག་སྒྱུར་དང་སྒྲ་ཕབ་སོགས་བོད་ ཡིག་ཐོག་ཁྱད་ལས་ལས་བྱེད་ཅིག་དགོ ས་མཁོ་ཡོད་ཅིང་། གཤམ་གསལ་ཆ་རྐྱེན་ཚང་རིགས་རྣམས་ཕྱི ་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༠ བར་སྙན་ཞུ་འབུལ་འབྱོར་ཐུབ་པ་དགོ ས། །
ཆ་རྐྱེན་ཁག
༡༽ བོད་ཀྱི་རིག་གནས་ཐོག་ཚད་ལྡན་གྱི ་མཐོ་སློབ་ནས་ཐོན་པ་དང་ཡང་ན་དེ་ དང་མཉམ་པའི་ཤེས་ཚད་ཡོད་པ།
༢༽ ཨིན་ཡིག་ནས་བོད་ཡིག་ཐོག་ཡིག་སྒྱུར་བྱེད་ཐུབ་པའི་ཤེས་ཚད་ཡོད་པ།
༣༽ གློག་ཀླད་ཀྱི་ཤེས་ཚད་གང་ལེགས་ཡོ ད་པ།
༤༽ དྭང་བླངས་དཔྱ་ཁྲལ་ལག་དེབ་ཡོད་པ་ གང་ཞིག་དཔྱ་དངུལ་དུས་ཐོག་ཕུལ་ཡོ ད་པའི་ངོ་བཤུས།
༥༽ གནས་ཡུལ་རྒྱལ་ཁབ་ནང་གནས་སྡོད་ཆོ ག་པའི་སྐྱབས་བཅོལ་ལག་ཁྱེར་ཡོད་ཅི ང་དུས་འགྱངས་ཟིན་པའི་ངོ་བཤུས།
༦༽ གཟུགས་ཐང་ལས་འཕེར་ཡིན་པའི་ཚད་ལྡ ན་གྱི་ཕྱི་ལུགས་སྨན་ཁང་ནས་སྨན་པ ས་ངོས་སྦྱོར།
༧༽ ལས་ཁུངས་གཞན་ལ་ལས་ཀ་བྱེད་མུས་ཡི ན་ཚེ་དགག་བྱ་མེད་པའི་ངོས་སྦྱོར།
ཆ་རྐྱེན་འཕར་མ་བརྩི་རྒྱུའི་གཤམ་ གསལ།
བོད་སྐད་ཡིག་གི་ཤེས་ཚད་མཐོ་པོ་ཡོ ད་པ་གང་ཞིག་ནང་དོན་རིག་པ་ཐོག་སྦྱ ངས་གོམས་དང་བོད་ཨིན་གཉིས་ཡིག་སྒྱུ ར་དང་སྒྲ་ཕབ་ཀྱི་ཉམས་མྱོང་ཡོད་ ཅིང་། དེ་བཞིན་དྲ་ཚིགས་སྐོར་ཤེས་ཚད་དང ་ཉམས་མྱོང་ཡོད་ན་ཆ་རྐྱེན་འཕར་མ་ བརྩི་རྒྱུ་ཡིན།
སྙན་ཞུ་འབུལ་མཁན་གྱིས་སྙན་ཞུ་དང ་མཉམ་དུ་གོང་གསལ་ངོ་བཤུས་ཡིག་ཆ་ ཁག་དང་སློབ་གཉེར་ཁང་ནས་ཐོན་པའི་ ལག་ཁྱེར་ངོ་བཤུས་སོགས་ངེས་པར་ མཉམ་འབུལ་དགོས་ཤིང་། ལས་བྱེད་གསར་བསྡུ་བྱེད་ཕྱོགས་ནི ་འབྲི་རྒྱུགས་དང་ངག་རྒྱུགས་གཉིས ་ཀའི་ལམ་ནས་འདེམས་སྒྲུག་བྱ་རྒྱུ ་ཡིན་པ་དང་། ཡིད་ཚད་འཕྲོད་མཁན་ལས་བྱེད་དེ་ཟླ ་བ་དྲུག་རིང་ཚོད་ལྟ་བྱ་རྒྱུ་དང་ དེ་ནས་ལོ་གསུམ་རིང་ཆོད་གན་ལས་བྱེད་བསྐོ་བཞག་བྱ་རྒྱུ་ཡིན། གླ་འབབ་ཀྱང་རང་ཉིད་ཀྱི་ཤེས་ཚད་ད ང་ཉམས་མྱོང་ལ་གཞིགས་པའི་འབུལ་རྒྱུ ་ཡིན་པ་མ་ཟད་ཚོགས་པའི་ལས་བྱེད་ ཀྱི་ཐོབ་ཐང་གཞན་ཁག་གཅིག་མཚུངས་ བཞིན་འཐོབ་རྒྱུ་ཡིན་པ་བཅས།
ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན ་ལྟེ་གནས་ཁང་ནས། ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡༨ ཉིན།།
གློག་འཕྲིན་ཁ་བྱང་། director@lhasocialwork.org ལག་ཐོག་ཁ་པར། ༩༨༡༦༦༨༩༢༢༢