ཁམས་མི་ཉག་ཏུ་གཏེར་ཁ་སྔོག་སྐབས་མི་མང་ཁྲོད་རྒྱ་གཞུང་གིས་ཉེན་རྟོག་པ་བཏང་འདུག

ཉེ་ཆར་ནས་ཁམས་མི་ཉག་གར་རྒྱས་ཁ་རུ་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་གྲ་སྒྲིག་བྱས་ཏེ། དུག་ཆུ་ཕྱིར་ཤོར་ནས་ཉ་སོགས་སེམས་ཅན་མང་པོ་ཤི་ཡི་ཡོད་པ་དང་། མི་མང་གིས་གཏེར་ཁ་སྔོག་འདོན་པ་བཀག་འགོག་སྐབས། རྒྱ་ནག་གི་ཉེན་རྟོག་པ་མང་པོ་ཡོང་ནས། འཇིགས་སྐུལ་བྱེད་ཀྱི་ཡོད་པ་རེད།

a060378d32eདེ་ཡང་ཟླ་འདིའི་ཚེས་༦ ཉིན་ཁམས་དཀར་མཛེས་ཁུལ་དར་རྩེ་མདོ་རྫོང་། ལྷ་སྒང་ཡུལ་ཤོག་གར་རྒྱས་ཁ་ནས་གཏེར་ཁ་སྔོག་འཆར་གྱི་དུག་ཆུ་ཤོར་ནས། མི་མང་ལ་དཀའ་ངལ་འཕྲད་པ་དང་། རྒྱ་ནག་གཞུང་གིས་ཉེན་རྟོག་པ་ཧ་ཅང་མང་པོ་སླེབས་ནས་མི་མང་ཁྲོད་འཇིགས་སྐུལ་བྱེད་ཀྱི་ཡོད་པ་ལས། མི་མང་འཇུ་བཟུང་བྱས་ཡོད་མེད་ཀྱི་གནས་ཚུལ་ད་ལྟ་ཁ་གསལ་མེད་པ་རེད། སྐབས་དེའི་བརྙན་ཐུང་ཞིག་འབྱོར་བའི་ནང་ཉེན་རྟོག་པ་དང་མི་མང་ཧ་ཅང་མང་པོ་མཉམ་དུ་ཡོད་པ་དང་། སྐྱེས་པ་ཞིག་གིས་“མི་ཉག་གར་རྒྱས་ཁ་རུ་གཏེར་ཁ་སྔོག་འདོན་དང་། རྒྱ་ནག་གཞུང་གིས་དམག་བཏང་ནས་མི་མང་འཇུ་བཟུང་དང་དྲག་གནོན་བྱས་ཡོང་གི་འདུག་”ཅེས་བརྗོད་འདུག

ལོ་ཤས་སྔོན་ནས་ས་གནས་དེར་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་སྐབས། མི་མང་ལ་དཀའ་ངལ་འཕྲད་མྱོང་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།