དྷ་སར་སྤྱི་འཐུས་ཀྱི་སྐོར་བསྐྱོད།
ཟླ་༩ ཚེས་༡༠ ཉིན་དྷ་ས་ས་གནས་འགོ་འཛིན་གྱི་ཁོར་ཡུག་ཚོགས་ཁང་དུ།བོད་མི་མང་སྤྱི་འཐུས་ཐུབ་བསྟན་ལུང་རིགས་དང་། སྤྱི་འཐུས་བློ་བཟང་ཡེ་ཤེས་གཉིས་ཀྱིས་༸གོང་ས་མཆོག་གིས་མཛད་འཕྲིན་དང་།བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་དབུ་མའི་ལམ་གྱི་སྐོར། བཙན་བྱོལ་བའི་གནས་བབས་སྐོར་ལ་གཏམ་བཤད་གནང་སོང་།
དེ་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ས་གནས་ཆ་བགོས་ཀྱིས་སྐོར་བསྐྱོད་ཀྱི་ལས་རིམ་ཞིག་ཡིན་པ་དང་། སྐབས་དེར་དྷ་ས་ས་འཐུས་ཚོགས་གཙོ་ངག་དབང་ཐར་པ་གཙོས་ས་འཐུས་ཁག་ཅིག་དང་། ཚོགས་སྡེ་ཁག་གི་ཚོགས་གཙོ་སྐུ་ཚབ་གཙོས། མི་མང་ཁག་ཅིག་འདུ་འཛོམས་བྱུང་ཡོད་པ་རེད།།