ཤིང་བརྐོས་བཅས་ཀྱི་སློབ་འཇུག་གསལ་བསྒྲགས།

 ༄༅། །ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ལྷ་བྲིས་དང་རྟེན་བཞེངས

ཤིང་བརྐོས་བཅས་ཀྱི་སློབ་འཇུག་གསལ་བསྒྲགས།
ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས། ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༥ ཉིན་ནས་སློབ་ཡུན་ལོ་གསུང་རིང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་སྒྱུ་རྩལ་གྱི་རྟེན་བཞེངས་དང༌བྲིས་ཐང༌། ཤིང་བརྐོས་བཅས་སྡེ་ཚན་སོ་སོར་སློབ་ཕྲུག་བཅུ་རེ་དང་ཁྱོན་བསྡོམས་སློབ་ཕྲུག་གྲངས་༣༠ སློབ་འཇུག་བྱེད་རྒྱུ་ཡིན་པ་དང༌། དེ་བཞིན་ལོ་ངོ་གསུམ་གྱི་སློབ་མཐར་སོན་པ་རྣམས་ལ་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་མཐོ་རམས་པའི་སློབ་ཐོན་ལག་འཁྱེར་སྤྲོད་རྒྱུ་དང་།  དེ་ནས་མུ་མཐུད་ནོར་གླིང་བོད་ཀྱི་རིགས་གཞུང་གཅེས་སྐྱོང་ཁང་དུ་ཞུགས་འདོད་ཡོད་རིགས་ལ་སྡེ་ཚན་སོ་སོའི་ལག་ཤེས་ཐོག་ཕྱག་ལས་ཀྱི་གོ་སྐབས་འབུལ་རྒྱུ་ཡིན།
དགོས་ངེས་ཆ་རྐྱེན་རིགས།
༡༽     བོད་དང་རྒྱ་གར་གང་རུང་གི་འཛིན་རིམ་བརྒྱད་པ་ཐོན་པའི་ལག་འཁྱེར་དང་།  ཡང་ན་དེ་དང་གནས་ཚད་མཉམ་པ་ཡོད་དགོས།
༢༽     གནས་ཡུལ་རྒྱལ་ཁབ་ཏུ་གནས་སྡོད་ཆོག་པའི་(RC )ཡིག་ཆའི་ངོ་བཤུས།
༣༽     དཔྱ་ཁྲལ་ལག་དེབ་ཀྱི་དཔྱ་དངུལ་དུས་ལྟར་འབུལ་ཞུས་པའི་ངོ་བཤུས་དང་།
༤༽    ཧི་མ་ལ་ཡའི་རི་རྒྱུད་ཡིན་པ་རྣམས་ལ་(Indian Passport or Voter ID) ངོ་བཤུས།
༥༽     སློབ་ཕྲུག་ཞུགས་འདོད་ཡོད་རིགས་རང་ལོ་བཅུ་དྲུག་ནས་ཉེར་ལྔའི་བར་ཡིན་དགོས།
༦༽     གཟུགས་གཞི་བདེ་ཐང་ཡིན་པའི་སྨན་པའི་ངོས་སྦྱོར་དགོས།
༧༽     སྙན་ཞུ་དང༌མཉམ་དུ་ཕྱེད་པར་གཉིས་རེ། དགོས་མཁོའི་ཡིག་ཆ་ཁག་གི་ངོ་ངོ་བཤུས་བཅས་དགོས།
གསལ་བཤད་དོན་ཚན་འགའ།
༡༽     འདེམས་སྒྲུག་བྱེད་ཕྱོགས་ལ་ཡིག་ངག་གཉིས་ཀྱི་རྒྱུགས་སྤྲོད་ཨང་རིམ་རྩེ་བཏོག་བྱེད་རྒྱུ།
༢༽     གལ་སྲིད་ཡིག་ཚད་གྲུབ་འབྲས་ཨང་ཐོབ་གཅིག་པ་ཡིན་ཚེ་སྙན་ཞུ་འབྱོར་རིམ་གྱིས་འདེམས་རྒྱུ།
༣༽     འཚུད་རྒྱུགས་དང་འབྲེལ་བའི་འགྲོ་གྲོན་ཇི་ཡོད་རང་ངོས་ནས་གཏོང་དགོས།
༤༽    སློབ་ཁོངས་སུ་ཚུད་རྗེས་སློབ་དུས་རིང་སློབ་ཡོན་དང༌ཞལ་ལག ཉལ་ཁང་བཅས་རིན་མེད་ནར་གཏོང་ཐོག་ཟླ་རེར་གྲོན་དངུལ་སྒོར་༥༠༠ རེའི་མཐུན་རྐྱེན་སྤྲོད་རྒྱུ་ཡིན།
༥༽     རྒྱུགས་སྤྲོད་ལ་ཞུགས་འདོད་ཡོད་རིགས་ཀྱིས་ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༥ ནང་ཚུད་དུ་སྙན་ཞུ་འབྱོར་དགོས།
༦༽     ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༣ དང་ ༤ ཉིན་གཉིས་རིང་བོད་ཀྱི་སྐད་ཡིག་དང་རི་མོའི་ཡིག་ཚད་གཏོང་གཏན་འཁེལ་ཡོད།
གོང་གསལ་ལག་འཁྱེར་དང་ཡིག་ཆ་ཁག་གི་ངོ་བཤུས་སྟེང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་ལས་བྱེད་ཟུང་དྲུང་ཡན་ནམ་ས་གནས་འགོ་འཛིན། ཡང་ན་བོད་མིའི་སློབ་གྲྭ་གང་རུང་གི་སློབ་སྤྱི་བཅས་སུ་རུང་ནས་ངོ་བཤུས་ཡིག་ཆ་ཁག་ངོ་བཤུས་འཁྲུལ་མེད་ཡིན་པའི་དག་མཆན་མཚན་རྟགས་ངེས་ཞུ་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཡིག་ཚང་ནས། ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༠ ལ།

འབྲེལ་བ་གནང་ཡུལ།
Welfare & Human Resources Manager
Norbulingka Institute
P.O Sidhpur – 176057 H.P India

Mobile: 9418436410/9816036410
Email: humanresources@norbulingka.org

 

 

 

 

This will close in 0 seconds