རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་གི་གསལ་བསྒྲགས།

༄༅།།རྗེ་བཙུན་ཙོང་ཁ་པ་ཆེན་པོ་ཡབ་སྲས་ཀྱི་གསུང་འབུམ་ལ་ཐུགས་རྒྱུས་ཡོད་པའི་བོད་ཕྱི་ནང་གི་རྒྱ་ཆེའི་མཁྱེན་ཡངས་དོན་གཉེར་ཅན་ལྷན་རྒྱས་ཀྱི་སྙན་ལམ་དུ་ཞུ་རྒྱུར།

འདི་ག་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་ནས་རི་བོ་དགེ་ལྡན་པའི་བསྟན་པའི་ཞབས་འདེགས་དང་།བོད་ཀྱི་ཐུན་མིན་རིག་གཞུང་གཅེས་འཛིན་གྱི་ཆ་ཤས་སུ་འགྱུར་བའི་རེ་བས་ཀུན་ནས་བསླངས་ཏེ།ལོ་དུ་མའི་སྔོན་ནས་འགོ་བརྩམས་ཏེ་སྐུ་འབུམ་པར་མའི་རྗེ་ཡབ་སྲས་ཀྱི་གསུང་འབུམ་གཞིར་བཞག་གིས་ཞོལ་པར་དང་གཙང་པར་གཉིས་ལ་ཞིབ་བསྡུར་ལན་མང་ཐོགཚིག་ཟིན་མི་འདྲ་བ་དང་ཚིག་མང་ཉུང་ཤོར་བ་རྣམས་ལ་བསྡུར་མཆན་བཏབ་ཅིང་།གཞུང་ཚན་རེ་ཟུང་པར་མ་གཞན་ནས་ཁ་སྐོང་བཅས་ཞིབ་བསྡུར་ངེས་འདྲོངས་ཐུབ་པའི་ལས་རིམ་ད་ཆ་མཇུག་བསྒྲིལ་ལ་ཉེ་བ་ལགས་ན།ད་དུང་གོང་གསལ་པར་མ་ཁག་གསུམ་གྱི་སྟེང་།སྡེ་དགེ་དང་།པེ་ཅིང་།བླ་བྲང་བཀྲ་ཤིས་འཁྱིལ་བཅས་ཀྱི་པར་མའི་གསུང་འབུམ་ཁྲོད་མ་ཚུད་པའི་རྗེ་ཡབ་སྲས་གང་རུང་གི་གསུང་རྩོམ་དཀོན་རིགས་གསན་གཟིགས་བྱུང་རིགས་ཡོད་ཚེ་དགོངས་པ་ཆེ་བཞེས་ཀྱིས་གཤམ་གསལ་དྲ་རྒྱའི་ཁ་བྱང་ཐོག་ལམ་སྟོན་བཀའ་སློབ་ལྷུག་པོར་སྩོལ་བ་ཅིས་ཀྱང་མཁྱེན།མཁྱེན།

 

ཅེས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་ནས་ཕྱི་ལོ་༢༠༡༦ཟླ༧ཚེས་༢༨ལ་སྤེལ།

webside: www.jeyabsesungbum.org

E-mail: jeyabsesungbum10@gmail.com