༄༅། །ཁ་བརྡ་སྐད་འཕྲིན་ཚོགས་པ་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་རྗེས་དྲན་ཆེད་མཛད་རྣམ་སྙིང་བསྡུས་བཅུའི་ཞལ་ཐང་གསར་བཞེངས།།
༄༅། །ཁ་བརྡ་སྐད་འཕྲིན་ཚོགས་པ་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་རྗེས་དྲན་ཆེད་མཛད་རྣམ་སྙིང་བསྡུས་བཅུའི་ཞལ་ཐང་གསར་བཞེངས།།
༄༅། །དུས་རབས་ཉེར་གཅིག་པ་འདིར་གློག་འཕྲིན་སོགས་སྤྱི་ཚོགས་འབྲེལ་མཐུད་ཀྱི་རྒྱུད་ལམ་ཧ་ཅང་དར་ཁྱབ་ཆེ་བའི་སྐབས། འཛམ་བུ་གླིང་པ་ཕལ་མོ་ཆེས་མྱུར་འཕྲིན་ཐོག་ཕན་ཚུན་སྟབས་བདེའི་འབྲེལ་ལམ་གྱི་ཁེ་ཕན་ལེན་བཞིན་པ་མ་ཟད། བོད་ཕྱི་ནང་གཉིས་ཀྱི་བོད་རིགས་སྤུན་ཟླ་མང་དག་ནས་ཀྱང་དུས་བསྟུན་འགྱུར་འགྲོས་ལ་གོམ་པ་མཉམ་བསྐྱོད་ཀྱིས་སྐད་འཕྲིན་ཚོགས་པ་འདྲ་མིན་གསར་འཛུགས་དང་འབྲེལ།བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་མི་ཉམས་རྒྱུན་འཛིན་ཆེད་ཕན་ཚུན་ཤེས་ཡོན་ལེགས་བཤད་བརྗེ་ལེན་གནང་བཞིན་པ་ལྟར། ཚོགས་མི་བརྒྱ་ཕྲག་བརྒལ་བའི་ཁ་བརྡ་སྐད་འཕྲིན་ཚོགས་པ་ནས་ཀྱང་མཁས་དབང་དང་བཤེས་གཉེན་འདྲ་མིན་གདན་ཞུས་ཀྱིས་ཚོགས་པའི་ནང་བོད་བརྒྱུད་ནང་བསྟན་གྱི་ཆོས་དང་། དེ་འབྲེལ་ལོ་རྒྱུས་སྣ་ཚོགས། བོད་ཀྱི་ཆབ་སྲིད། གཞན་ཡང་འཕྲོད་བསྟེན་སོགས་སྤྱིར་བཏང་ཤེས་བྱའི་རིག་གནས་སྣ་ཚོགས་ཐོག་གསུང་བཤད་གོ་སྒྲིག་དང་། བོད་ཕྱི་ནང་གཉིས་སུ་ཉམ་ཐག་ནད་གཅོང་མང་པོར་ཧིན་སྒོར་འབུམ་ཕྲག་ལས་བརྒལ་བའི་ཞལ་འདེབས་མཁོ་སྒྲུབ། རྒྱུན་དུ་ཚོགས་མི་ནང་ཁུལ་བགྲོ་གླེང་། གླུ་ལེན་པ་དང་ནང་མོལ་བྱེད་པ་སོགས་ལ་ཅི་དགར་རོལ་བཞིན་པའི་སྐབས་ཏེ། ཕྱི་ལོ་ ༢༠༡༥ ཕྱི་ཟླ་ ༧ ཚེས་ ༡༢ ཉིན་གློ་བུར་དུ་རྒྱལ་གཅེས་དཔའ་བོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག བཙོན་ཁང་ནང་རྒྱ་ནག་དམར་པོའི་གཞུང་གིས་སྐུ་བཀྲོངས་པའི་ཡིད་སྐྱོའི་གཏམ་ངན་ཐོས་མ་ཐགཚོགས་མི་ཡོངས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་མྱ་ངན་གུས་བཏུད་དང་། སྨོན་ལམ་གང་ཐུབ་བགྱིས་པ་དང་ཆབས་ཅིག དགུང་ཞག་ཞེ་དགུ་བར་གླུ་གཞས་སོགས་མཚམས་བཅད་ཀྱིས་རྗེས་དྲན་ཞུས་པ་མ་ཟད། ཞིང་གཤེགས་དམ་པ་རིན་པོ་ཆེ་འདི་ཉིད་ཀྱི་རླབས་ཆེན་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་ཞུ་ཆེད་གང་ཉིད་ཀྱི་མཛད་པ་གཙོ་ཆེ་བ་བཅུའི་ཞལ་ཐང་སྤུས་ལེགས་ཤིག་བཞེངས་རྒྱུའི་མོས་མཐུན་བྱུང་བ་བཞིན། ཚོགས་མི་མི་ཉུང་བ་ཞིག་ནས་མ་བསྐུལ་དང་བླངས་ཀྱིས་ཞལ་འདེབས་ཕུལ་བ་ལ་བརྟེན། ད་ལྟའི་ཆར་ཞལ་ཐང་འདི་ཉིད་ལེགས་གྲུབ་བྱུང་བའོ།།
གང་ཉིད་ཀྱི་མཛད་རྣམ་སྙིང་བསྡུས་བཅུ་ནི།
༡༽ ཕྱི་ལོ་ ༡༩༥༠ ལོར་ཁམས་ལི་ཐང་དུ་སྐུ་འཁྲུངས། མཚན་ལ་ཨ་ངག་བཀྲིས་ཞུ་ཞིང་། དགུང་ལོ་བདུན་ལ་ལི་ཐང་དགོན་པར་ཆོས་ཞུགས་གནང་།
༢ ༽ ཕྱི་ལོ་ ༡༩༨༢ ལོར་རྒྱ་གར་དུ་ཕེབས་ནས་ ༡༩༨༧ བར་བྱེས་ཀྱི་གདན་ས་འབྲས་སྒོ་མང་གྲྭ་ཚང་དུ་གཞུང་ཆེན་ཁག་ལ་སློབ་གཉེར་མཛད། དེའི་སྐབས་༸གོང་ས་མཆོག་ནས་དགེ་བཤེས་ཨ་དམ་ཕུན་ཚོགས་ཀྱི་ཡང་སྤྲུལ་དུ་ངོས་འཛིན་གནང་ནས་མཚན་ལ་བསྟན་འཛིན་བདེ་ལེགས་ཞེས་གསོལ་བར་མཛད།
༣ ༽ ཕྱི་ལོ་ ༡༩༨༨ ལོར་སླར་ཕ་ཡུལ་གངས་ལྗོངས་སུ་ཕེབས་ཏེ་རང་གི་ས་ཁུལ་དེར་དགོན་པ་གསར་བཞེང་སྐབས། རྒྱ་གཞུང་ནས་བཀག་འགོག་བྱས་པར་བརྟེན་པེ་ཅིན་དུ་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་མཇལ་བཅར་གྱིས་གཞུང་འབྲེལ་བཀའ་ཁྲོལ་ཐོབ་པ་མ་ཟད། ༸པཎ་ཆེན་མཆོག་ནས་དགོན་པའི་མཚན་ལ་ཁམས་ནཱལནྡཱ་ཐེག་ཆེན་བྱང་ཆུབ་ཆོས་གླིང་ཞེས་གསོལ་བ་དང་། སྤྲུལ་སྐུ་གང་ཉིད་ཀྱི་མཚན་དུའང་ཐུབ་བསྟན་ཆོས་ཀྱི་ཉི་མ་ཞེས་གསོལ་བར་མཛད།
༤༽ ཕོ་མོ་ཁྱད་མེད་ལ་སློབ་གཉེར་བྱ་རྒྱུའི་ཐོབ་ཐང་འདྲ་མཉམ་གྱི་དགོངས་གཞི་ལྟར། ཕྱི་ལོ་ ༡༩༨༨ ལོར་ཁམས་ནཱལནྡཱ་ཐེག་ཆེན་བྱང་ཆུབ་ཆོས་གླིང་། ཕྱི་ལོ་ ༡༩༨༩ ལོར་ཚོ་བཅུ་དགའ་ལྡན་གླིང་། ཕྱི་ལོ་ ༡༩༩༠ལོར་འཇམ་དབྱངས་ཆོས་འཁོར་གླིང་། ཕྱི་ལོ་ ༡༩༩༡ ལོར་བཙུན་དགོན་བདེ་ཆེན་ཆོས་གླིང་། ཕྱི་ལོ་ ༡༩༩༢ ལོར་མགོ་ལོག་བཀྲིས་འཁྱིལ། ཕྱི་ལོ་ ༡༩༩༣ལོར་དེ་ཚ་བྱང་སེམས་རྣམ་རྒྱལ་གླིང་། ཕྱི་ལོ་ ༡༩༩༣ལོར་གསུང་ཆོས་རྭ་བ་དགོན། ཕྱི་ལོ་ ༡༩༩༥ལོར་མགོ་ལོག་རྣམ་གྲོལ་གླིང་། ཚེ་མགོན་བཤད་སྒྲུབ་དར་རྒྱས་གླིང་བཅས་ཀྱི་དགོན་པ་རྣམས་གསར་དུ་ཕྱག་བཏབ་པར་མཛད།
༥༽ ཕྱི་ལོ་ ༡༩༩༣ ལོར་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཆེད་ཤིང་སྣ་ཚོད་མེད་གཅོད་བྲེགས་དང་། གཏེར་ཁ་བསྔོག་འདོན་གྱི་ལས་འཆར་ལ་བཀག་སྡོམ་གྱི་ལས་གཞི་རྒྱ་ཆེར་སྤེལ།
༦ ༽ ཕྱི་ལོ་ ༡༩༩༣ ཕྱི་ཟླ་ ༡༡ ནང་གཞུང་གི་མི་སྣས་ཡུལ་མིར་བདག་དབང་ཡོད་པའི་ས་ཞིང་རྣམས་ས་བཅད་ཀྱིས་གཞུང་ བཞེས་བྱས་པར་ཁྱིམ་འཐུས་འདུ་སྐོང་གིས་ངོ་རྒོལ་མཉམ་རུབ་གནང་རྒྱུའི་ལམ་སྟོན་མཛད།
༧༽ རྒས་ཁོག་ཉམ་ཐག་གི་ཆེད་དུ་རྒས་གསོ་ཁང་དང་། དྭ་ཕྲུག་དང་། ཉམ་ཐག་ཕྲུ་གུའི་ཆེད་སློབ་གྲྭ་གསར་འཛུགས་མཛད།
༨༽ སེམས་ཅན་གྱི་སྲོག་ལ་འཚེ་བའི་ཁྱི་རྭ་བ་རྣམས་དང་། རྒྱན་པོ་བགྱིས་པའི་ངན་པ་ལང་ཤོར་རྣམས་ལ་ཡིད་འགུལ་ཐེབས་པའི་བཀའ་སློབ་ལམ་སྟོན་མཛད།
༩༽ ཕྱི་ལོ་ ༢༠༠༢ ལོར་འབར་གས་བཞག་པའི་དོན་རྐྱེན་མ་ཉེས་ཁ་གཡོགས་ཀྱིས་ནག་ཉེས་འོག་འཛིན་བཟུང་བྱས་རྗེས། ཕྱི་ལོ་ ༢༠༠༣ ལོར་སྲོག་ཐོག་ཉེས་པ་ཐག་གཅོད་བྱས་ཀྱང་། ཕྱི་ལོ་ ༢༠༠༥ ཟླ་བ་ ༡ ཚེས་ ༢༦ ཉིན་སྲོག་ཉེས་ཚེ་བཙོན་དུ་ཆག་ཡངས་བཟོས།
༡༠༽ བཙོན་ཁང་དུ་མནར་གཅོད་དྲག་པོས་ཁྲག་ཤེད་དང་། སྙིང་ནད། ཞབས་ནད་བཅས་ཀྱི་སྙུན་གཞིས་མནར་བཞིན་པའི་འོག མཐར་ཕྱི་ལོ་ ༢༠༡༥ ཕྱི་ཟླ་ ༧ ཚེས་ ༡༢ ཉིན་བཙོན་ཁང་ནང་རྒྱ་གཞུང་གིས་བཙན་གནོན་འོག་སྐུ་བཀྲོངས་ཏེ་དགོངས་པ་ཞི་བར་གཤེགས། ཡུལ་མིས་སྐུ་ཕུང་རྩིས་སྤྲོད་དགོས་ཞུས་ཀྱང་། བསམ་ཤེས་མེད་ཁར་དྲག་སྤྱོད་ཀྱིས་མི་མང་ལ་མེ་མདས་རྨས་སྐྱོན་ཚད་མེད་བཟོས་སོ།།
ཞལ་ཐང་ཆེད་ཞལ་འདེབས་ཕུལ་མི་རྣམས་ཀྱི་མཚན་གཞུང་།
༡) ཚོགས་གཙོ་དྲང་བདེན་ལགས་ནས་ཧིན་སྒོར། ༡༠༠༠༠།༠༠ དང་ཡུ་སྒོར། ༡༠༠།༠༠ ༢)རྒན་ཉེ་རྒྱལ་ལགས་ནས་ཧིན་སྒོར། ༥༠༠༠།༠༠ ༣)གསོ་རིག་ལགས་ནས་ཧིན་སྒོར། ༡༥༠༠༠།༠༠ ༤)དབྱངས་ཅན་ལྷ་མོ་ལགས་ནས་ཧིན་སྒོར། ༥༠༠༠།༠༠ ༥)ན་མོ་ལགས་ནས་ཧིན་སྒོར། ༥༠༠༠།༠༠ ༦)ཚེ་དབང་ལགས་ནས་ཧིན་སྒོར། ༢༥༠༠།༠༠ ༧)བཅོ་ལྔའི་ཟླ་བ་ལགས་ནས་ཧིན་སྒོར། ༢༦༢༧།༠༠ ༨)ཤར་ནོར་བློ་ལགས་ནས་ཧིན་སྒོར། ༡༠༠༠།༠༠ ༩)ཨ་མའི་བཀའ་དྲིན་ལགས་ནས་ཧིན་སྒོར། ༡༥༠༠།༠༠ ༡༠)ཧམ་མར་ར་འདེ་ཤེ་ལགས་ནས་ཧིན་སྒོར། ༥༠༠།༠༠ ༡༡)རྒྱལ་བའི་བཀའ་དྲིན་ལགས་ནས་ཧིན་སྒོར། ༦༠༠།༠༠ ༡༢)བློ་བཟང་ཚུལ་ཁྲིམས་ལགས་ནས་ཧིན་སྒོར། ༢༥༠༠།༠༠ ༡༣)གནས་བརྟན་རྡོ་རྗེ་ལགས་ནས་ཧིན་སྒོར། ༣༠༠༠།༠༠ ༡༤)བྱང་བདག་ལགས་ནས་ཧིན་སྒོར། ༡༠༠༠།༠༠ ༡༥)བྱ་རྒྱལ་ཁྱུང་ཆེན་ལགས་ནས་ཧིན་སྒོར། ༥༠༠།༠༠ ༡༦)ང་ཨ་ཁུ་སྟོན་པ་ལགས་ནས་ཧིན་སྒོར། ༥༠༠།༠༠ ༡༧)རླབས་རྒྱུན་ལགས་ནས་ཧིན་སྒོར། ༡༥༠༠།༠༠ ༡༨)རྒན་ས་བཟང་ལགས་ནས་ཧིན་སྒོར། ༢༠༠༠།༠༠ ༡༩)རྣམ་རབ་མཁྱེན་བརྩེ་ལགས་ནས་ཧིན་སྒོར། ༡༠༠༠།༠༠ ༢༠)ཨ་མ་སྒྲོལ་མ་ལགས་ནས་ཧིན་སྒོར། ༥༠༠།༠༠ ༢༡)ཡེ་ཤེས་ལགས་ནས་ཧིན་སྒོར། ༥༠༠།༠༠ ༢༢)ཚེ་རིང་སྒྲོལ་དཀར་ལགས་ནས་ཧིན་སྒོར། ༢༠༠༠།༠༠ ༢༣)རྣམ་ལྕགས་རྡོ་རྗེ་ལགས་ནས་ཧིན་སྒོར། ༡༠༠།༠༠ ༢༤)ཟླ་སྒྲོན་ལགས་ནས་ཡུ་སྒོར། ༥༠།༠༠ ༢༥)བཙོན་ཟུར་འཁྲུངས་སྐར་ལགས་ནས་ཡུ་སྒོར། ༣༠༠།༠༠ ༢༦)སེམས་ནང་གི་སྐད་ཆ་ལགས་ནས་སུད་སྒོར། ༥༠།༠༠ ༢༧)ལྷ་སྲས་གཞོན་ནུ་ལགས་ནས་ཡུ་སྒོར། ༦༠།༠༠ ༢༨)བདེ་སྐྱིད་ལགས་ནས་ཡུ་སྒོར། ༥༠།༠༠ ༢༩)ཚེ་དབང་སྒྲོལ་མ་ལགས་ནས་ཡུ་སྒོར། ༡༠༠།༠༠ ༣༠)བཀྲ་ཤིས་ལགས་ནས་སུད་སྒོར། ༡༠༠།༠༠ ༣༡)པ་སངས་ལྷ་མོ་ལགས་ནས་ཨ་སྒོར། ༡༠༠།༠༠ ༣༢)མ་ཡུམ་རྒྱལ་མ་ལགས་ནས་ཨ་སྒོར། ༥༠།༠༠ ༣༣)ATDལགས་ནས་ཨ་སྒོར། ༥༠།༠༠ ༣༤)པ་སངས་ལགས་ནས་ཡུ་སྒོར། ༣༥།༠༠ དང་ཧིན་སྒོར། ༡༠༠༠།༠༠ ༣༥)མིག་དམར་ལགས་ནས་ཨ་སྒོར། ༡༠༠།༠༠ ༣༦)ཟླ་བ་ཆོས་གྲགས་ལགས་ནས་ཨ་སྒོར། ༡༠༥།༠༠ ༣༧)རྒྱ་མཚོ་ལགས་ནས་ཨ་སྒོར། ༥༠།༠༠ ༣༨)བསོད་ནམས་ལགས་ནས་ཨ་སྒོར། ༥༠།༠༠ ༣༩)སྲུ་མོ་ཕུར་སྒྲོན་ལགས་ནས་ཨ་སྒོར། ༥༥།༠༠ ༤༠)ལྷག་བསམ་དགེ་བ་ལགས་མ་བུ་གཉིས་ནས་ཨ་སྒོར། ༧༥།༠༠ ༤༡)བསྟན་ལྷ་མོ་ལགས་ནས་ཧིན་སྒོར། ༤༠༠༠།༠༠ ༤༢)Kekoལགས་ནས་ཨ་སྒོར། ༡༠༥།༠༠ ༤༣)བཀྲ་ཤིས་བདེ་ལེགས་ལགས་ནས་སུད་སྒོར། ༥༠།༠༠ ༤༤)བསྟན་པ་ལགས་ནས་ཨ་སྒོར། ༡༠༠།༠༠ ༤༥)མཚོ་མོ་ལགས་ནས་ཨ་སྒོར། ༨༠།༠༠ ༤༦)རྒྱ་མཚོ་བླ་མ་ལགས་ནས་ཧིན་སྒོར། ༣༠༠༠།༠༠ ༤༧)ལྷ་བཟང་སྒྲོལ་མ་ལགས་ནས་ཨ་སྒོར། ༥༥།༠༠ ༤༨)ལུག་རྫིའི་རྣམ་ཤེས་ལགས་ནས་ཧིན་སྒོར། ༥༠༠།༠༠ ༤༩)ཀརྨ་གཡུ་སྒྲོན་ལགས་ནས་ཧིན་སྒོར། ༡༡༠༠།༠༠ ༥༠)ཚེ་རིང་ལགས་ནས་ཧིན་སྒོར། ༢༠༠༠།༠༠ བཅས་གནང་སོན་བྱུང་བའི་གསལ་བརྡའོ།།
དཔའ་བོའི་མཛད་རྗེས་ཚོགས་ཆུང་གི་ཚོགས་མི།
༡)ཚོགས་གཙོ་དྲང་བདེན། ༢)ཚོགས་གཞོན་བཅོ་ལྔའི་ཟླ་བ། ༣)ཚོགས་མི་དང་སློབ་སྟོན་པ་རྒན་ཉེ་རྒྱལ། ༤)ཚོགས་མི་དང་སློབ་སྟོན་པ་སྨན་པ་གསོ་རིག ༥)སློབ་སྟོན་པ་སྐུའི་ཚ་བོ་ཀཱི་ཀཱི་བསྭོ་བསྭོ། ༦)ཚོགས་མི་དང་ཇུས་འགོད་པ་གཙོ་བོ་ངའི་སྐད་ཆ་ཉོན་དཱ། ༧)ཚོགས་མི་ཚེ་དབང་། ༨)ལྷ་བྲིས་པ་བསོད་ནམས་ཆོས་འཕེལ་བཅས།
ཁ་བརྡ་སྐད་འཕྲིན་ཚོགས་པ་ནས། ཕྱི་ལོ། ༢༠༡༦ ཟླ་བ་ ༧ ཚེས་ ༡༢ ལ།།