བྱམས་བརྩེ་ལྡན་པའི་རིག་གནས་གསར་བརྗེ་ཞིག་དགོས།

ཨུ་རུ་སུར་བྱུང་བ་བཞིན་ཟང་ངེ་ཟིང་ངེ་ཞིག་བྱུང་ན་ཡག་པོ་མ་རེད། སུ་ཞིག་ལ་ཕན་ཐོགས་ཡོད་པ་མ་རེད། ག་ལེར་འགྱུར་བ་སོང་ན་ཡག་པོ་རེད། ད་ལྟ་ཛ་དྲག་གིས་ག་རེ་དགོས་ཀྱི་འདུག་ཟེར་ན། ཕྱི་གསལ་ནང་གསལ་དང། གསར་འགྱུར་རང་དབང། ཁྲིམས་ཀྱིས་དབང་བསྒྱུར་དེ་གལ་ཆེན་པོ་རེད་”ཅེས་གསུངས་ཡོད་པ་རེད།  ༧གོང་ས་མཆོག་ཐེངས་འདིར་ཨོ་སི་ཁྲུ་ལི་ཡར་ཆིབས་བསྒྱུར་གནང་བ་དང་སྟབས་བསྟུན་སཱིད་ནེ་གྲོང་ཁྱེར་དུ་རྒྱ་རིགས་བརྒྱ་ཙམ་གྱིས་འཕྲེད་དར་འཕྱར་ནས་ངོ་རྒོལ་ཡང་བྱས་ཡོད་པ་དང། ྋགོང་ས་མཆོག་གིས་ཉིན་དེར་རྒྱ་རིགས་སུམ་བརྒྱ་ཙམ་ཚོ་ཁག་གཉིས་སུ་བགོས་ནས་མཇལ་གནང་ཡོད་པ་དང། སྐབས་དེར་༧གོང་ས་མཆོག་གིས་“རྒྱ་ནག་གི་གནས་ཚུལ་ཡིན་ནའང་འདྲ། རྒྱལ་སྤྱིའི་གནས་ཚུལ་ཡིན་ནའང་འདྲ། དངོས་ཡོད་གནས་ཚུལ་ཤེས་དགོས་ཀྱི་འདུག དེ་དང་མཉམ་དུ་ཁྲིམས་ཀྱི་དབང་བསྒྱུར་དེ་ཧ་ཅང་གལ་ཆེན་པོ་རེད། ན་ནིང་བོད་ནང་གནས་ཚུལ་བྱུང་བའི་རྗེས་རྒྱ་རིགས་མང་པོ་ཞིག་རླུང་ལངས་འདུག དངོས་ཡོད་གནས་ཚུལ་ཤེས་ཀྱི་མི་འདུག དེ་རིང་ཡང་ངོ་རྒོལ་བྱེད་མཁན་ཁ་ཤས་ཤིག་ཡོད་པ་རེད་ཟེར། དངོས་ཡོད་གནས་ཚུལ་ཤེས་ཀྱི་མི་འདུག་”ཅེས་གསུངས་ཡོད་པ་རེད།

hh australia2དེ་རྗེས་ྋགོང་ས་མཆོག་གིས་རྒྱ་ནག་རང་དབང་རིག་གཞུང་མཐུན་ཚོགས་ཞེས་པའི་འཐུས་མི་༧༠ ཅུ་ཙམ་ལ་མཇལ་ཁ་གནང་བ་དང། འགྲོ་བ་མིའི་ལྷན་སྐྱེས་སུ་ཡོད་པའི་བཟང་པོའི་ཡོན་ཏན་གོང་འཕེལ་བྱེད་རྒྱུ་དེ་གལ་ཆེན་ཡིན་པ་དང། བྱམས་བརྩེ་དང་ལྡན་པའི་རིག་གནས་གསར་བརྗེ་ཞིག་དགོས་སྐོར་གྱི་ལམ་སྟོན་གནང་བ་དང། སྐབས་དེར་བོད་དོན་བཀའ་འདྲི་ཞེས་པ་ཞིག་གི་ལན་དུ། ༧གོང་ས་མཆོག་གིས། “༢༠༠༢ ལོ་ནས་རྒྱ་ནག་གཞུང་གི་སྐུ་ཚབ་མཉམ་དུ་ང་ཚོས་སྐད་ཆ་བཤད་རྒྱུའི་གོ་སྐབས་ཐེངས་མ་བརྒྱད་ཅིག་བྱུང་བ་རེད། ཐེངས་ལྔ་པའི་སྐབས་རྒྱ་ནག་ཐུང་ཀྲན་པུའུ་(འཐབ་ཕྱོགས་གཅིག་གྱུར་ཁང་)ཡི་ལས་བྱེད་ཚོས་ཏཱ་ལའི་བླ་མས་ཁ་བྲལ་བྱེད་ཀྱི་མེད་པ་གསལ་པོ་འདུག་ཅེས་བཤད་པ་རེད། ཡིན་ནའང་ལོ་དེའི་ཕྱི་ཟླ་༤ པ་༥ པ་ནས་ཏཱ་ལའི་ཁ་བྲལ་ཞེས་སྐྱོན་བརྗོད་བྱེད་རྒྱུ་དེ་ཤུགས་ཆེ་འགྲོ་སོང། འགོ་ཁྲིད་ཚོས་ཁ་བྲལ་བྱེད་ཀྱི་མེད་པ་དེ་ཤེས་ཀྱི་ཡོད་པ་རེད། ཁ་བྲལ་རེད་ཅེས་སྐྱོན་བརྗོད་བྱས་ན་ཕན་ཐོགས་ཆེ་བ་མཐོང་ནས་སྐྱོན་བརྗོད་བྱེད་སྡོད་ཀྱི་འདུག མི་མང་གིས་དེ་ཤེས་ཀྱི་མི་འདུག སྔོན་མ་མའོ་ཙེ་ཏུང་གི་སྐབས་ལ། ས་གནས་མི་རིགས་རིང་ལུགས་ལ་ངོ་རྒོལ། རྒྱ་རིགས་ཆེན་པོའི་རིང་ལུགས་ལ་ངོ་རྒོལ་རེད། བར་སྐབས་རྒྱ་རིགས་ཆེན་པོའི་རིང་ལུགས་ཞེ་དྲག་བཤད་ཀྱི་མི་འདུག ཉེ་ཆར་ཤིན་ཅིང་གི་གནས་ཚུལ་བྱུང་བའི་རྗེས་ནས་ཏོག་ཙམ་བཤད་ཡོང་གི་འདུག མའོ་ཙེ་ཏུང་གིས་སྔོན་མ་གུང་ཁྲན་ཏང་ལ་ཁེ་ཕན་དགོས་པ་རེད། སོ་སོའི་ཁེ་ཕན་བྱེད་རྒྱུ་དང། མི་ས་ནས་ཁེ་ཕན་ལ་ཉན་རྒྱུ་དེ་དགོས་པ་རེད་ཅེས་བཤད་ཡོད་པ་རེད། ང་རིང་གིས་གོ་མྱོང།  ཡིན་ནའང་༡༩༥༧ ལོར་མའོ་ཙེ་ཏུང་གིས་ཀྱང་དེ་ལག་ལེན་བསྟར་མ་སོང། ང་ཚོ་བཙན་བྱོལ་ལ་སྡོད་མཁན་ཚོས་བསམ་པ་རྣམ་དག་གིས་ལག་ལེན་བསྟར་གྱི་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་མའོ་ཙེ་ཏུང་གི་སླབ་བྱ་དེ་བསྐྱར་དུ་དྲན་གསོ་བྱེད་རོགས་གྱིས་ཞེས་ང་བཤད་འདོད་བྱུང་སོང་”ཞེས་གསུངས་ཡོད་པ་རེད།།

This will close in 0 seconds