རྒྱ་གར་གྱིས་དུས་གཅིག་ལ་འཕྲུལ་སྐར་༡༠༤ བར་སྣང་དུ་བཏང་བ།

ཟླ་འདིའི་ཚེས་༡༥ ཉིན་ཞོགས་པ་རྒྱ་གར་ལྷོ་ཕྱོགས་ཨན་ཌེར་མངའ་སྡེ་རུ་རྟེན་གཞི་བྱས་པའི་དྷ་ཝན་བར་སྣང་ལྟེ་གནས་ཁང་དུ། རྒྱ་གར་གྱི་བར་སྣང་ཞིབ་འཇུག་ལྟེ་གནས་ཁང་གིས། འཕྲུལ་སྐར་བར་སྣང་དུ་གཏོང་བྱེད་ཀྱི་འཕྲུལ་འཁོར་གྱིས། དུས་གཅིག་ལ་འཕྲུལ་སྐར་༡༠༤ བར་སྣང་དུ་གཏོང་ཐུབ་པ་བྱུང་ཡོད་འདུག

16790536_1412353888788476_512723413_nདེ་ནི་འཛམ་གླིང་ནང་བར་སྣང་གི་འགྲུལ་བསྐྱོད་ཐད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་ཆགས་ཡོད་པ་དང་། རྒྱ་གར་མི་མང་གིས་སྤོབས་པ་ཆེན་པོས་དགའ་བསུ་བྱས་ཡོད་འདུག འཕྲུལ་སྐར་༡༠༤ ལས་༡༠༡ ནི་རྒྱལ་ཁབ་གཞན་གྱི་འཕྲུལ་སྐར་ཡིན་པ་དང་། དེ་ཡང་ཨ་རིའི་འཕྲུལ་སྐར་༩༦ དང་ཨི་ཛེ་རིལ་དང་། ཨ་རབ་སྤྱི་མཐུན་རྒྱལ་ཁབ། ཧོ་ལེན་ཊེ། སུད་སི། ཀ་ཛག་སི་ཐན་བཅས་ཀྱི་འཕྲུལ་སྐར་གཅིག་རེ། རྒྱ་གར་གྱི་འཕྲུལ་སྐར་༣ ཡོད་འདུག

ཕྱི་ལོ་༢༠༡༤ ལོར་ཨུ་རུ་སུས་དུས་གཅིག་ལ་འཕྲུལ་སྐར་༣༧ བར་སྣང་དུ་བཏང་ནས་ཟིན་ཐོ་གསར་པ་བཀོད་ཡོད་ཀྱང་། ཐེངས་འདིར་རྒྱ་གར་དེ་ལས་བརྒལ་ནས་ཟིན་ཐོ་གསར་པ་བཀོད་ཐུབ་པ་བྱུང་འདུག

རྒྱ་གར་གྱིས་འགྲོ་སོང་ཆུང་བའི་ཐོག་བར་སྣང་དུ་ཚད་ལྡན་འཕྲུལ་སྐར་གཏོང་ཐུབ་པ་དེར་འཛམ་གླིང་ནང་ཆེ་མཐོང་ཆེན་པོ་བྱེད་བཞིན་ཡོད་པ་དང་། རྒྱ་གར་གྱི་སྔོན་རྩིས་ནང་དུ་བར་སྣང་གི་ལས་འཆར་ལ་སྔོན་རྩིས་འཆར་དངུལ་མང་དུ་བཏང་ཡོད་འདུག
རྒྱ་གར་གྱི་འཕྲུལ་སྐར་གསུམ་ལས་གཅིག་གིས་བར་སྣང་ནས་པར་གསལ་པོ་རྒྱག་ཐུབ་ཀྱི་ཡོད་པ་དང་། དེས་ཁྱིམ་མཚེས་རྒྱལ་ཁབ་པ་ཀི་སི་ཐན་དང་རྒྱ་ནག་ལ་སོ་ལྟ་བྱེད་པར་བེད་སྤྱོད་བྱེད་སྲིད་སྐོར་བྷི་བྷི་སིའི་བརྒྱུད་ལམ་དུ་བཀོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||