ཨ་རིའི་དོན་གཅོད་རྩིས་སྤྲོད་རྩིས་ལེན།

ཕྱི་ཟླ་༡༡ ཚེས་༣༠ ཉིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་གསར་རྙིང་གི་རྩིས་སྤྲོད་རྩིས་ལེན་གྲུབ་ཡོད་པ་དང་། སྐུ་ངོ་སྤེན་པ་ཚེ་རིང་དོན་གཅོད་འཕོ་འགྱུར་བཏང་བ་དྲང་པོ་བྱུང་མེད་སྐོར་དང་འབྲེལ་ནས་བཀའ་ཤག་གི་ཐག་གཅོད་དེར་ངོས་ལེན་མེད་ཅེས་ཟླ་འདིའི་ཕྱི་ཟླ་༡༡ ཚེས་༢༩ བོད་མི་ཁག་གིས་དོན་གཅོད་སྒོ་རུ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།

ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཐོག་སྤེན་པ་ཚེ་རིང་དང་སྐུ་ཚབ་དོན་གཅོད་གསར་པ་དངོས་གྲུབ་ཚེ་རིང་བར་རྩིས་སྤྲོད་རྩིས་ལེན་སྐབས། སྤྲོད་དཔང་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཚེ་དབང་ཕུན་ཚོགས་ཕེབས་ཡོད་པ་རེད།

ཕྱི་ཟླ་༡༢ ཚེས་༡ ནས་བཟུང་དངོས་གྲུབ་ཚེ་རིང་གིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་ལས་དོན་འགོ་འཛུགས་བྱས་ཡོད་པ་དང་། ཁོང་གིས། ཕྱི་ཚེས་༢༨ ཉིན་འགོ་འཛུགས་བྱས་ནས་ཚེས་༣༠ ཉིན་རྩིས་སྤྲོད་རྩིས་ལེན་དེ་དག་ཡག་ཐག་ཆོད་བྱུང་སོང་། དོན་གཅོད་ཟུར་པའི་ཐོག་ནས་གནད་དོན་རྒྱུས་སྟོན་དང་ཡིག་ཆ་ཁག འཛིན་ཆས་དང་དངོས་ཆས་ཡོངས་རྫོགས་རྩིས་སྤྲོད་རྩིས་ལེན་ཧ་ཅང་ཡག་པོ་བྱུང་། སྤྲོད་དཔང་དུ་ལྷོ་ཨ་མི་རི་ཀའི་སྐུ་ཚབ་ཀྱིས་ཐུགས་ཞིབ་ནན་པོ་གནང་སོང་།  ཕྱོགས་མཚུངས་ལས་བྱེད་ཚོས་ཀྱང་ཡིག་ཆ་ཡོངས་རྫོགས་གྲ་སྒྲིག་ཧ་ཅང་ཡག་པོ་གནང་འདུག དེར་བརྟེན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||