གྲོས་ཚོགས་ནང་ཀླུ་མཁར་བྱམས་གླེང་སློང་སྐབས་བེད་སྤྱོད་བཏང་བའི་ཚིག་ཁག་ཅིག

བོད་མི་མང་སྤྱི་འཐུས་སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་༣ པའི་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དང་། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གཉིས་ཀྱི་ཐོག་ལ་བགྲོ་གླེང་གནང་སྐབས། ཉེ་ཆར་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་ལོ་༡༡༣ ལ་བཞུགས་དགོས་པའི་མི་དེ་ཁྱེད་ཡིན་ཞེས་པའི་རྩོམ་ཡིག་དང་འབྲེལ་ནས། གླེང་སློང་མང་པོ་བྱུང་ཡོད་པ་རེད།

བོད་མི་མང་སྤྱི་འཐུས་ཀྱི་སྔོན་རྩིས་གྲོས་ཚོགས་འགོ་འཛུགས།

གྲོས་གཞི་གྲོས་ཆོད་དེའི་ཐོག་བགྲོ་གླེང་མ་རྫོགས་བར་དུ་ཀླུ་མཁར་བྱམས་ཀྱི་རྩོམ་ཡིག་དེ་༧གོང་ས་མཆོག་ལ་ཟུར་ཟ་ཡིན་མིན་སྐོར་ལ་མུ་མཐུད་གླེང་སློང་བྱས་ཡོད་པས། ཀླུ་མཁར་བྱམས་ཀྱི་རྩོམ་ཡིག་དང་འབྲེལ་བའི་ཚིག་ག་རེ་མང་ཤོས་བེད་སྤྱོད་བྱས་ཡོད་མེད་དང་ཐེངས་ག་ཚོད་བེད་སྤྱོད་བྱས་ཡོད་མེད་རོབ་རྩིས་ཕྱོགས་བསྒྲིགས་བྱས་པ་ཡིན། མིང་ཚིག་འདི་དག་ཆེད་དུ་གྲངས་བཤེར་བྱས་པ་ལས། འདི་ཚོ་ལས་མང་བའི་རྒྱུན་སྤྱོད་བྱ་ཚིག་དང་མིང་ཚིག་ཡོད་པ་སྨོས་མེད་རེད་ལ། ཚིག་འདི་ཚོ་གྲོས་གཞི་གྲོས་འཆར་དེའི་སྐབས་མང་ཆེ་བ་ཀླུ་མཁར་བྱམས་ཀྱི་རྩོམ་དང་འབྲེལ་ནས་བེད་སྤྱོད་བྱས་པ་རེད་འདུག

༡) ༧སྐྱབས་མགོན་རིན་པོ་ཆེའི་མཚན་ཐེངས་༡༦༩ བརྗོད་པ།
༢) ཀླུ་མཁར་བྱམས་ཐེངས་༥༢།
༣) མཚན་སྨད་ཐེངས་༤༡།
༤) ལོ་༡༡༣ ཐེངས་༣༥།
༥) མང་གཙོ་ཐེངས་༣༥།
༦) རྩོམ་ཐེངས་༣༠།
༧) བཀའ་དྲིན་ཐེངས་༢༩།
༨) ངོ་རྒོལ་ཐེངས་༢༥།
༩) ཟུར་ཟ་ཐེངས་༢༣།
༡༠) རང་བཙན་ཐེངས་༢༠།
༡༡) སྨྲ་བརྗོད་རང་དབང་ཐེངས་༡༩།
༡༢) བློ་ཕམ་ཐེངས་༡༨།
༡༣) སེམས་འཚབ་དང་བློ་འཚབ་ཐེངས་༡༤།
༡༤) དགག་པ་ཐེངས་༡༡།
༡༥) དད་པ་ཐེངས་༨།

༡༦) སྐྱོན་བརྗོད་ཐེངས་༨།
༡༧) དོ་ཕོག་ཐེངས་༦།
༡༨) རྒྱལ་ཚོང་བ་ཐེངས་༤།
༡༩) ཕོག་ཐུག་ཐེངས་༢།

གསར་འགོད་པ་སྐལ་བཟང་དོན་གྲུབ་དང་བཀྲ་ཤིས་དོན་གྲུབ།

 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||