པེ་རིག་ཤ་ར་ན་ལ་ཧི་མ་ལ་ཡའི་མཛངས་མའི་དབུ་རྒྱན་ཐོབ་པ།

རང་ལོ་༢༡ སོན་པའི་པེ་རིག་ཤ་ར་ན་ལ་ཕྱི་ལོ་༢༠༡༧ ལོའི་ཧི་མ་ལ་ཡའི་མཛངས་མའི་དབུ་རྒྱན་ཐོབ་ཡོད་པ་དང་། མོ་ནི་དྷ་སའི་ཉེ་འགྲམ་གྱི་གྷ་གྷལ་གྲོང་སྡེ་ནས་ཡིན་འདུག

Tibetsun

ཟླ་༡༠ པའི་ཚེས་༩ ཉིན་དྷ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་ཁང་དུ། ཧི་མ་ལ་ཡའི་མཛངས་མ་འགྲན་སྡུར་ཐེངས་༥ པའི་ནང་མཉམ་ཞུགས་པ་བུད་མེད་༩ བྱུང་ཡོད་པ་དང་། མཐའ་མའི་གྲུབ་འབྲས་སུ། དྷ་སའི་ཉེ་འགྲམ་གྱི་གྲོང་སྡེ་གྷ་གྷལ་ནས་ཡིན་པའི་པེ་རིག་ཤ་ར་ན་ལ། ཐེངས་འདིའི་ཧི་མ་ལ་ཡའི་མཛངས་མའི་དབུ་རྒྱན་ཐོབ་ནས། ཧིན་སྒོར་འབུམ་གཅིག་གི་བྱ་དགའ་ཐོབ་ཡོད་པ་རེད། ཨང་གཉིས་པར་བལ་ཡུལ་ནས་ཡིན་པའི་བོད་པའི་བུད་མེད་བཀྲ་ཤིས་ལྷ་མོ་ལ་བྱ་དགའ་ཧིན་སྒོར་ཁྲི་ལྔ་དང་། ཨང་གསུམ་པར་དྷ་སའི་ཉེ་འགྲམ་པཱ་ལམ་པུར་གྲོང་སྡེ་ནས་ཡིན་པའི་པ་ལག་ཐ་ཀུར་ལ་ཧིན་སྒོར་ཉིས་ཁྲི་ལྔ་སྟོང་གི་བྱ་དགའ་ཐོབ་ཡོད་པ་རེད།

ཧི་མ་ལ་ཡའི་མཛངས་མ་འགྲན་སྡུར་དེ་ནི་བློ་བཟང་དབང་རྒྱལ་གྱིས་གོ་སྒྲིག་བྱེད་ཀྱི་ཡོད་པ་དང་། ཕྱི་ལོ་༢༠༡༢ ལོ་ནས་འགོ་འཛུགས་བྱས་ཏེ་ལོ་འདིའི་འགྲན་སྡུར་དེ་ཐེངས་༥ པ་ཆགས་ཀྱི་ཡོད་ཁར། ལོ་འདིར་མཉམ་ཞུགས་པ་བུད་མེད་༩ བྱུང་ནས་ད་བར་མཉམ་ཞུགས་བྱེད་མཁན་མང་ཤོས་ཆགས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||