བཀའ་དྲིན་ཆེ། ༧གོང་ས་མཆོག

༧གོང་ས་མཆོག བཀའ་དྲིན་ཆེ།།ཕ་མཐའ་བྲལ་བའི་ཐུགས་ཀྱི་མཁའ་ལ་བྱམས་བརྩེ་ཟབ་མོའི་ཆུ་འཛིན་འཁྲིགས།།རྩུབ་རེག་བྲལ་བའི་གསུང་གི་སྒོ་ནས་དྲང་བདེན་འབོད་ཚིག་རྟག་ཏུ་སྒྲོག །འཇིག་པ་བྲལ་བའི་མཚན་དཔེ་སྐུ་ཡིས་ཡངས་པའི་ས་ན་ཞབས་རྗེས་བཀོད།།མཐོ་སྒང་ཞིང་གི་མགོན་པོ་གང་ཉིད་འཛམ་གླིང་གསལ་བའི་ཉིན་བྱེད་ལགས།།

འཚམས་འདྲི་ཞུ།

བོད་ཀྱི་བང་ཆེན་ཟིན་བྲིས་པ་ཡོངས་ལ་འཚམས་འདྲི་ཞུ། ང་ནི་ཕ་ཡུལ་གངས་ལྗོངས་ལ་དགའ་བ་ཟབ་ཅིང་དབྱངས་གསལ་སོ་བཞི་ལ་དུང་བ་བརྟན་པའི་བཙུན་མ་ཞིག་ཡིན་ལ། ང་རང་ཟིན་བྲིས་འདིའི་ནང་ལ་འཛུལ་དོན་ནི་རང་ཉིད་ལ་གོ་རྟོགས་གསར་པ་ཞིག་ཡོང་ཕྱིར་དང་ལས་དབང་གིས་སྤྲད་པའི་བོད་རིགས་ཀྱི་དཀའ་སྡུག་དུ་མ་ཞིག་མཉམ་སེལ་ཆེད་ཡིན་པས། དྲ་གྲོགས་ཡོངས་ཀྱི་ཁོ་མོའི་ཕུགས་བསམ་ལྷུན་གྲུབ་ཡོང་བར་རྒྱབ་སྐྱོར་གནང་བའི་རེ་བ་ཞུ།།་

ང་བོད་ཀྱི་བང་ཆེན་དྲ་རྒྱའི་ཟིན་བྲིས་པ་གསར་པ་ཞིག་ཡིན།

དེ་རིང་བོད་ཀྱི་བང་ཆེན་དྲ་ཐོག་ཏུ་ཐོག་མར་ཡོང་ནས་ཟིན་བྲིས་པ་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། རྗེས་སུ་བགྲོ་གླེང་ལྷུག་པོ་གནང་ཆོག