མྱེ་ལྕེའི་རལ་བ་བསིགས་ཤུལ།

 

རླུང་བུའི་རྒྱུ་ཕྱོགས་ཤིག་གིས

ཚག་སྒྲ་དང་འཚིག་སྒྲ་གྲག་ཚད་དེ་དག

དགོན་པ་ཞིག་གི་རླུང་དྲིལ་གསིལ་བ་ལས་ཀྱང་ཐུ་རེད

མྱེ་ལྕེའི་དུ་བ

ཉི་མ་ནས་ཉི་མར་མཐུད་དེ

ལོ་ནས་ལོར་བརྐྱངས་ཏེ

མི་ཚོགས་དང་མིག་ཟུང་འཕྱུར་ས་རུ

གཞོབ་དྲི

མིག་ཆུ

དངངས་སྐྲག་དེ་དག་དུ་བས་ཤན་ནས

གླིང་བར་དང་བཞི་མདོ་རུ་ལྷག་འདུག

དོན་དམ་པར་མྱི་སྐད་གཉོམ་ས་དེར

ཁྱི་སྐད་འཚུབ་ས་དེར

མྱེ་ལྕེས་རྨུག་འདུག

མྱེ་ལྕེའི་དུ་བས་ཀྱང་ལྡག་འདུག

ཡུན་གྱིས་དུ་བ་རུ་འཁྲུལ་བའི་ལོང་སྤྱོད་དམ

རྣམ་ཤེས་ཚོགས་པ་དེས་དབང་བོ་སྒོ་ལྔ་བོ་གདངས་ནས་གང་ན་འཕུར

གང་ཞིག་བཙལ

༢༠༡༡ ༡༠ ༡༢ ཉི་དྲོས་སུ།།

གོང་གི་རྩོམ་ཡིག་དེ་གཞི་ལུས་བོད་མི་ཞིག་གི་དུང་སེམས་ཀྱི་འཆི་མ་ཞིག་ཡིན།

http://www.sangdhor.com/blog_c.asp?id=4951&a=maliysia

 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||