མ་འོངས་གངས་ལྗོངས་ཀྱི་འཛུགས་སྐྲུན།

dhechen yangtsoབདེ་ཆེན་གཡང་མཚོ།
སུ་ཇཱ་བོད་ཁྱིམ་སློབ་གྲྭ་ནས་མཐར་ཕྱིན་པ་དང་། ད་ལྟ་གྷོ་པལ་པུར་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བཅུ་གཅིག
ང་ལ་མ་འོངས་གངས་ལྗོངས་ཀྱི་འཛུགས་སྐྲུན་པ་རྣམས་ལ་བརྗོད་འདོད་པའི་སེམས་གཏམ་འགའ་ཡོད།

རང་རྒྱལ་ནི་རང་ཉིད་ཀྱིས་སྐྱོབ་དགོས་པ་ལས་གཞན་དབང་ལ་བརྟེན་ནས་མཐའ་མཇུག་གི་མུན་པ་སེལ་ཐུབ་པའམ། བདེན་དཔང་གི་འོད་སྟོང་འབར་ཐབས་བྲལ་བ་ནི་བཅོས་སུ་མེད་པའི་ཆོས་ཉིད་དོ།
དེ་ལྟར་ན། ན་གཞོན་ང་ཚོ་ནི་བོད་བརླགས་སུ་གྱུར་བའི་རྒྱལ་ཁབ་ཅིག་གི་འཐབ་རྩོད་པའམ་བདེན་དོན་འཚོལ་སྙེག་མཁན་ཞིག་ཡིན། དེའི་ཕྱིར་རྒྱལ་ཁབ་འདིའི་སྲོག་རྩ་ལྟ་བུ་ནི་སྐད་ཡིག་ཡིན་ལ། འདི་ལ་སྦྱོང་པ་དང་ཉར་ཚགས་བྱེད་རྒྱུ་ནི་ང་ཚོའི་ཕྲག་སྟེང་དུ་བབས་པའི་འགན་འཁྲི་རུ་གྱུར་ཡོད།
འོན་ཀྱང་། ཡིད་སྐྱོ་དགོས་པ་ཞིག་ལ་དེང་སང་གི་གཞོན་སྐྱེས་ཚོར་བོད་ཡིག་ལ་དུངས་སེམས་དང་དགའ་ཞེན་བྱེད་མཁན་ཉུང་། དེ་ལས་ལྡོག་སྟེ། རང་མི་རིགས་ཀྱི་སྐད་ཡིག་ལ་མཐོང་ཆུང་དང་སུན་སྣང་བྱེད་མཁན་ཧ་ཅང་མང་། དེ་བས་ངས་ཁྱེད་རྣམས་ལ་རེ་སྐུལ་ཞུ་རྒྱུ་ལ། དབྱིན་ཡིག་གི་ཁེ་ཕན་ཁོ་ནར་དམིགས་པ་དང་། རྒྱ་ཡིག་ལ་དབྱིངས་ཞུགས་པ་སོགས་ཀྱི་མཐའ་རུ་ལྷུང་བའི་བསམ་བློ་དོར་ནས། རང་སྐད་ལ་སྔར་ལས་ལྷག་པའི་དགའ་ཞེན་ངང་སྦྱང་བརྩོན་དགོས་པ་མ་ཟད། དེར་དུང་བ་ཟབ་མོ་ཞིག་བཅངས་ནས་རང་རིགས་ཀྱི་བླ་སྲོག་དང། ལ་རྒྱ་འདི་སྲུང་སྐྱོབ་བྱེད་རོགས་ཞུ། དེ་ནི་ང་ཚོར་བདེན་པའི་རྒྱལ་ཁ་ཐོབ་པར་བྱེད་པའི་ལག་ཆ་ལེགས་ཤོས་སུ་གྱུར་ཡོད།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||