བསམ་བློ་གསར་པ་གཏོང་རྒྱུའི་དུས་ཚོད་རེད་བསམ་གྱི་འདུག

བཀའ་ཁྲིའི་འོས་མི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ལ་བོད་རྒྱ་འབྲེལ་མོལ་སྐོར་གྱི་བཅར་འདྲི།
tethong tenzin namgyalདྲི་བ། ད་ལྟ་བོད་གཞུང་གིས་བོད་རྒྱ་འབྲེལ་མོལ་བྱས་ཏེ། རྒྱ་ནག་མི་མང་སྤྱི་འཐུན་རྒྱལ་ཁབ་ཀྱི་རྩ་་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མི་རིགས་ས་གནས་རང་སྐྱོང་དགོས་པའི་བསམ་འཆར་ཡིག་ཆ་ཞིག་སྤྲད་ཚར་བ་རེད། སྲིད་ཇུས་དེའི་ཐོག་མུ་མཐུད་ཤུགས་སྣོན་དགོས་པ་རེད་དགོངས་ཀྱི་ཡོད་དམ།

ཞེན་ཁོག་གི་བཀའ་ཁྲི་དང། དྲང་བཞག་གི་བཀའ་ཁྲི།

སོག་ཤོད་དར་རྒྱས།

ཞེན་ཁོག་གི་བཀའ་ཁྲི།
ཞེན་ཁོག་གི་བཀའ་ཁྲི་ཞེས་པ་ནི། མི་མང་གི་ངོས་ནས་སོ་སོའི་ཕྱོགས་གཏོགས་སམ། ཆོལ་ཁ་གཅིག་པ། ཆོས་ལུགས་གཅིག་པ། རྒན་པ། གཞོན་པ། བུད་མེད་ཟེར་བ་སོགས་ཀྱི་ཕྱོགས་སུ་ལྷུང་བའི་སྒོ་ནས་བཀའ་ཁྲི་འདེམས་སྟངས་ཤིག་འདུག བཀའ་ཁྲི་འདེམས་སྟངས་དེ་ཅི་འདྲའི་འཇིགས་སྣང་ཆེ་བ་ཞིག་རེད།

གུ་ཡངས་པའི་གྲོས་ཚོགས་ཤིག་བསྐྲུན་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན།

རུང་རྒྱས་ཨ་གྲགས་ལགས་ཀྱི་ཚ་བོ་ཨ་ཀྲུག་ཚེ་བརྟན་ལགས་སུ་བཅར་འདྲི།
ateg tsetenདྲི་བ། ཉེ་བའི་ཆར་རུང་རྒྱས་ཨ་གྲགས་ལགས་ཀྱིས་སྐད་འབོད་བྱས་པའི་གློག་བརྙན་ཞིག་ཕྱིར་བསྒྲགས་བྱས་ནས་ཁོང་གི་སྐོར་བསྐྱར་དུ་གླེང་སློང་མང་པོ་ཞིག་ཡོང་གི་འདུག་པས། ཁྱེད་ཀྱི་ཨ་ཞང་རུང་རྒྱས་ཨ་གྲགས་དང་། གཅེན་པོ་ཨ་ཀྲུག་བློ་སྤོ་སོགས་ཀྱི་ད་ལྟའི་གནས་སྟངས་སྐོར་མཁྱེན་རྟོགས་བྱུང་སོང་ངམ།

འབུམ་རམས་པ་བློ་བཟང་སེང་གེ་བཀའ་ཁྲིར་བདམས་ན་རྒྱ་ནག་ལ་བརྡ་ལན་ཆེན་པོ་གསུམ་སྤྲོད་ཀྱི་ཡོད།

རྫ་ཚེ་རིང་བཀྲ་ཤིས།
ང་ཡང་བོད་མི་སྤྱི་དང་འདྲ་བར་ཐེངས་འདིའི་བཀའ་བློན་ཁྲི་པའི་འོས་འདེམས་ཆེན་མོའི་ཆེད་སེམས་ཁུར་དང་ཚོར་བ་ཆེན་པོ་ཡོད་ན་ཡང་།  ད་བར་རྩོམ་ཡིག་ཅིག་ཀྱང་མ་སྤེལ་བ་ནི་རྒྱུ་འབྲས་མ་དྲང་པ་རང་རེད།

མང་གཙོའི་གོམས་གཤིས་ཡར་རྒྱས་ཀྱི་མངོན་རྟཌ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༩༧

བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འོས་བསྡུ་ཆེན་མོ་གཉིས་དུས་མཉམ་དུ་གཏན་འབེབས་བཟོས་པ་བཞིན། ཕྱི་ཟླ་༡༠ ཚེས་༣ ཉིན་དངོས་སུ་འོས་བསྡུ་བྱེད་པའི་ཉིན་མོར་འཁེལ་ཡོད། ད་ལྟའི་དུས་འདིར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་འོས་བསྡུ་ལ་དོ་སྣང་སྔར་ལས་ཆེ་རུ་སོང་ཡོད་པ་དང་།

འཆར་གཞི་གཅིག་དང་མཇུག་འབྲས་གཉིས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༩༦

བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་པོ་དེ་ཕྱི་ལོ་༢༠༡༠ ཟླ་༨ ཚེས་༢༦ ནས་༣༡ བར་རྒྱ་གར་ལྷོ་ཕྱོགས་བྷེལ་ཀོབ་གཞིས་ཆགས་སུ་འཚོགས་ཡོད་པ་དང་། སྐབས་དེར་ཚོགས་ཞུགས་པ་རྣམས་ཚོགས་ཆུང་བརྒྱད་དུ་ཆ་བགོས་ཀྱིས་བརྗོད་གཞི་སོ་སོའི་ཐོག་བགྲོ་གླེང་གནང་ཡོད་པ་རེད།

མང་གཙོའི་སྤྱི་ཚོགས་ནང་མི་མང་གི་འོས་འགན།

ཐུབ་བསྟན་རབ་བརྟན།  སེར་བྱེས་བྱ་བྲལ།
གུས་པས་བསམ་ཞིབ་ཀྱིས་དྲན་སྐུལ་ཞིག་ཞུ་འདོད་བྱུང་། ང་ཚོའི་འདས་པའི་ལོ་རྒྱུས་ལས་མཐོང་ཐུབ་པ་ཞིག་ནི། དུས་རབས་ཀྱི་འགྱུར་འགྲོས་མ་རྟོགས་པའམ། རྟོགས་ཀྱང་གཡོལ་ཐབས་བྱས་པའི་འབྲས་བུ་སྟེ།

བཀའ་བློན་བུད་མེད་གསུམ་ཡིན་གཅིག་མིན་གཉིས་དགོས་ཀྱི་འདུག

penpatseringfromsouthད་ལྟའི་བཀའ་ཤག་གི་སྲིད་ཇུས་དེ་དག་མུ་མཐུད་ནས་མཇུག་སྐྱོང་དགོས་པ་གལ་ཆེན་པོ་རེད། ལྷག་པར་དུ་བོད་རྒྱ་འབྲེལ་མོལ་དང་ཤེས་ཡོན་སྲིད་བྱུས་ལྟ་བུ་ཡིན་ན། སྲིད་བྱུས་དེ་ལག་བསྟར་བྱས་ནས་ལོ་དྲུག་བདུན་ལས་འགྲོ་ཡི་ཡོད་པ་མ་རེད། དེ་དག་གྲུབ་འབྲས་ཐོན་དང་མ་ཐོན་གྱི་གནས་བབ་ཞིག་ལ་མ་སླེབས་བར་དུ་དཀའ་ལས་རྒྱག་དགོས་པ་རེད་མ་གཏོགས། ལོ་མང་པོའི་ནང་དཀའ་ལས་བརྒྱབ་པ་དེ་འཕྲོ་བརླག་ཏུ་འགྲོ་བའི་ཉེན་ཁ་ཡོད་པ་རེད་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུངས་སོང།

སྨོན་ལམ་དང་ཁོང་གི་ལག་རྗེས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༩༥
སེར་སྨད་གྲྭ་བློ་བཟང་སྨོན་ལམ་ནི་ད་ལྟའི་ཆར་བོད་གཞིས་བྱེས་གཉིས་ཀྱི་ནང་བོད་ཡིག་ལ་དོ་སྣང་དང་། དང་འདོད་ཡོད་མཁན་གྱི་བོད་པ་ཚོའི་ཁྲོད་དུ་གོ་མ་མྱོང་མཁན་ཞིག་ཕལ་ཆེར་མེད་ཚོད་དུ་སྣང་ལ། ཆ་འཕྲིན་གྱི་དུས་རབས་འདིར་གློག་འཕྲུལ་གྱི་ལག་རྩལ་ཁྱབ་ཁོངས་ནང་བོད་ཡིག་གི་ཐད་ལ་གྲུབ་འབྲས་འབུར་དུ་ཐོན་པ་ཁོང་ལྟ་བུ་ཁྱབ་བསྒྲགས་འགྲོ་སླ་བ་ནི་རང་བཞིན་དུ་གྱུར་ཡོད།

ཁྱིམ་རྒྱུད་འདི་ཚོས་ནང་ཁུལ་གྱི་ཆབ་སྲིད་འཁྲབ་ཤེས་ཀྱི་རེད།

atsolokharshamཨ་ཚོགས་ཀླུ་མཁར་བྱམས་ལགས་སུ་འོས་བསྡུ་ཆེན་མོའི་སྐོར་ལ་བཅར་འདྲི་བྱེད་སྐབས་ཁོང་གིས་བཀའ་ཁྲི་འོས་ཤོས་བློ་བཟང་སེང་གེ་རེད་ཅེས་བརྗོད་སོང།
དྲི་བ། བོད་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་སྐབས་འདིར་ཕྱོགས་མང་པོ་ཞིག་ནས་བཀའ་སྤྱི་གཉིས་ཀྱི་འོས་མི་འདོན་བཞིན་ཡོད་པ་དང། མང་ཚོགས་ནང་དོ་སྣང་བྱེད་ཕྱོགས་སོགས་ལ་མཐོང་སྣང་ག་འདྲ་བྱུང།