ཁམས་དཔལ་ཡུལ་དགོན་པའི་གྲྭ་མང་གིས་རྒྱ་གཞུང་ལ་ངོ་རྒོལ།

kalsang_chodar1_2ཁོང་གི་ཕ་ཡུལ་ཁམས་སོག་རྫོང་ཅུང་པ་དཀར་སྨད་ཡུལ་ཚོའི་གྲོང་ཚོ་དགུ་པ་ནས་ཡིན་པ་ དང་། ཕ་ཡི་མིང་ལ་ནོར་སྲུང་དང་། ཅུང་པ་ཉི་མ་གླིང་གི་གྲྭ་པ་རེད་འདུག ༢༠༠༤ ལོར་དཔལ་ཡུལ་མ་དགོན་གྱི་བཤད་གྲྭར་ཞུགས་ནས་སློབ་སྦྱོང་གནང་བཞིན་ཡོད་པ་དང་ལོ་ རྗེས་མ་སློབ་དཔོན་འཛིན་གྲྭ་སློབ་མཐར་ཕྱིན་རྒྱུ་ཡིན་པ་རེད།

དེང་སང་དཔལ་ཡུལ་ཕྱོགས་ལ་བོད་ལྗོངས་ཀྱི་གསང་བའི་ཉེན་རྟོག་པ་མང་པོ་ཡོད་སྐད་འདུག་ ལ། ཁོང་མ་བཟུང་བའི་སྔ་དྲོར་ཁོང་བཞུགས་མིན་འདྲི་མཁན་གྲྭ་ཆས་གྱོན་པ་ཞིག་དང་མི་ ལོ་ན་རྒན་པ་གཅིག་བཅས་སླེབས་ཡོད་འདུག དེའི་ཕྱི་དྲོར་གནས་ཚུལ་དེ་བྱུང་རྗེས། དགེ་འདུན་པ་དང་བཙུན་མ་རྣམས་ཀྱིས་ཤེས་འཕྲལ་རྫོང་ཉེན་རྟོག་པའི་སྒོ་ཁར་མཚན་མོ་ ཆུ་ཚོད་དང་པོ་ཡས་མས་བར་གྲྭ་སྐལ་བཟང་ཆོས་དར་གློད་གྲོལ་དགོས་པའི་ངོ་རྒོལ་དང་ སྐད་འབོད་བྱས་རུང་། ཕན་ཐོགས་གང་ཡང་བྱུང་མི་འདུག ངོ་རྒོལ་སྐབས་མི་ཁག་ཅིག་ལ་རྨས་སྐྱོན་བྱུང་སྟེ་སྨན་ཁང་དུ་འཁྱེར་དགོས་པའི་ གནས་ཚུལ་ཡང་བྱུང་ཡོད་སྐོར་འདུག

25171717171རྫོང་ཉེན་རྟོག་ པས་བརྗོད་པ་ལྟར་ན་གྲྭ་པ་དེ་བོད་ལྗོངས་ཉེན་རྟོག་པས་ཁྲིད་སོང་ལ། ད་ལྟ་ཆབ་མདོར་སླེབས་ཟིན་པ་རེད་ཅེས་བརྗོད་ཡོད་འདུག གནས་ཚུལ་འགྲེལ་བརྗོད་པས་གསུངས་པར་གཞིགས་ན། ཁོང་གི་ཁ་པར་དེ་ཡང་འཕྲོག་སོང་བས་དེའི་ནང་ཚོགས་པ་མི་ཉུང་བ་ཞིག་ཡོད་པས་ཁོང་ ཚོས་བེད་སྤྱོད་ཇི་ལྟར་སྤྱད་ཡོང་སྙམ་ཏེ་ང་ཚོ་བློ་འཚབ་ཆེན་པོ་འདུག་ཟེར།

ཁམས་སོག་རྫོང་ ཅུང་པ་ཉི་མ་གླིང་དགོན་པ་ནི་རབ་བྱུང་བཅུ་གཅིག་མེ་རྟ་ཕྱི་ལོ་༡༦༦༦ ཁམས་པ་ཉི་མ་གྲགས་པས་ཕྱག་བཏབ་ནས་ཉི་མ་གླིང་འོད་གསལ་སྒྲུབ་སྡེ་ཞེས་མཚན་གསོལ། ཉི་མ་གྲགས་པས་དགོན་ཁག་བཅུ་གཉིས་ཕྱག་བཏབ་པ་ནང་གི་གཅིག་ཡིན་པ་དང་། ཆོས་ལུགས་རྙིང་མ་ཡིན་པ་རེད་འདུག།