དབུས་འོས་བསྡུ་ལས་ཁང་གི་ཡོངས་ཁྱབ་གསལ་བསྒྲགས།

ཟླ་འདིའི་ཚེས་༩ ཉིན་དབུས་འོས་བསྡུ་ལས་ཁང་གིས་ས་གནས་འོས་བསྡུ་ལས་ཁང་ཁག་ལ་དོན་ཚན་གཉིས་ལྡན་གྱི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཡོད་འདུག་པ་དང། གསལ་བསྒྲགས་དེ་ཟླ་འདིའི་ཚེས་༡༤ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བར་བཀོད་འདུག

གསལ་བསྒྲགས་ནང་དུ་ ༡།འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ ནང་གསེས་ ༧, ༩ དང་དེ་འབྲེལ་ ༩ པའི་ཐོག་འདི་ནས་སྤེལ་བའི་ལམ་སྟོན་སོང་བའི་ནང་གསེས་ ༼ཆ༽ ནང་གསལ་གྱི་འབྲུ་དོན་འོག་ས་གནས་སོ་སོའི་སྔོན་འགྲོའི་འོས་བསྡུ་བྱ་ཡུལ་དང། ས་གནས་དེའི་གཡས་གཡོན་རྒྱབ་མདུན་གང་སར་འོས་མི་ལངས་མཁན་སྒེར་དང་ཚོགས་སྡེ་ཁག་ནས་རྒྱང་སྦྱར་གསལ་བསྒྲགས་རྣམས་ ༢༠༡༦ ཟླ་ ༣ ཚེས་ ༡༨ སྔ་དྲོ་ནས་ཚང་མ་བཀོག་སྟེ་གཙང་མ་བཟོ་རྒྱུ། དེ་བཞིན་སྤྱི་ཚོགས་དྲ་ལམ་ཁག་དང་སྐད་འཕྲིན་ཁག་ཏུའང་དྲིལ་བསྒྲགས་རིགས་མཚམས་འཇོག་དགོས་རྒྱུ། ལྷག་པར་འོས་ བསྡུའི་ཉིན་མོ་ ༢༠༡༦ ཟླ་ ༣ ཚེས་ ༢༠ སྔ་པོ་ནས་ད་དུང་གསལ་བསྒྲགས་དེ་རིགས་ས་གནས་ཁག་ཏུ་སྦྱར་འགྲེམས་ཡོད་མེད་ས་གནས་འོས་བསྡུའི་ལས་ཁང་ནས་ཞིབ་འཇུག་ནན་ཏན་ཞུ་དགོས།

༢། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༣༤ ནང་གསེས་ ༦ ༼ཀ༽ ནང་གསལ་ལྟར་ས་གནས་སོ་སོར་འོས་ཤོག་གྲངས་ བཤེར་ཟིན་རྗེས་འོས་གཞི་དོ་བདག་སོ་སོར་ས་གནས་དེ་ནས་འོས་གྲངས་ཇི་ཐོབ་ས་གནས་དེ་གའི་འོས་བསྡུའི་ཚོགས་མི་དང། ཟུར་དཔང་མཉམ་འཛོམས་ཐོག་ས་གནས་འོས་བསྡུའི་འགན་འཛིན་ནས་གསལ་བསྒྲགས་བྱེད་རྒྱུ་དང་། རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་བོད་མིའི་འབྲེལ་ལས་སོ་སོའི་རྒྱང་སྦྱར་ཐོག་སྦྱོར་འགྲེམས་ཀྱི་འཐུས་ རྒྱུ་དང། མི་མང་འདུ་བསྐོང་དང་ཕྱི་རྒྱར་གསལ་བསྒྲགས་མི་དགོས་པ་ཡིན། ཞིབ་ཆའི་སྤྱི་ཡོངས་ཀྱི་མཐའ་མའི་ ཕྱོགས་བསྡོམས་འོས་བསྡུའི་གྲུབ་འབྲས་གསར་ཤོག་དང། གསར་འགྱུར་བརྒྱུད་ལམ་ཁག ས་གནས་འོས་བསྡུ་ལས་ཁང་ཁག་བཅས་བརྒྱུད་ཡོངས་ཁྱབ་གསལ་བསྒྲགས་དབུས་འོས་བསྡུ་ལས་ཁང་ནས་ཞུ་རྒྱུ་ཡིན་པ་དེ་ལུགས་དམ་འཛིན་ཞུ་དགོས་རྒྱུ་དགོངས་འཇགས་ཞུ་བཅས་བཀོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།