ནད་ཡམས་འཐབ་རྒོལ་ཆེད་དྭང་བླངས་ཞབས་ཞུ་དགོས་མཁོ་གསལ་བསྒྲགས།
གསལ་བསྒྲགས།
༄༅། །མངའ་གསལ་བཞིན་རྒྱ་ནག་གྲོང་ཁྱེར་ཝུ་ཧན་ནས་བྱུང་བའི་ (COVID 19) ནད་ཡམས་འཛམ་གླིང་ཕྱོགས་ཡོངས་ལ་ཁྱབ་གདལ་འགྲོ་བཞིན་ཡོད་པར་བརྟེན། བོད་མིའི་སྒྲིག་འཛུགས་ནས་འཕྲོད་བསྟེན་ལས་ཁུངས་བརྒྱུད་རང་རེའི་སྤྱི་ཚོགས་ནང་ནད་ཡམས་སྔོན་འགོག་སླད་ལས་གཞི་སྤེལ་དང་སྤེལ་མུས་ཡིན་ནའང་ཉིན་རེ་བཞིན་ནད་ཡམས་འདི་བཞིན་ཁྱབ་གདལ་དང་ཉེན་ཚབས་ཆེ་རུ་འགྲོ་བཞིན་ཡོད་སྟབས། རྒྱ་གར་དང་བལ་ཡུལ་ནང་གནས་སྡོད་བོད་རིགས་སྨན་པ་དང་། སྨན་ཞབས། གཞན་ཡང་སྨན་ལས། ༼Medical staff༽ ཁ་ལོ་བ་བཅས་ཡོད་རིགས་རང་རང་སོ་སོའི་ཁྱབ་ཁོངས་འཕྲོད་བསྟེན་སྨན་ཁང་ཆེ་འབྲིང་ཆུང་གསུམ་གྱི་དགོས་མཁོ་ལ་གཞིགས་པའི་དུས་ཐུང་དྭང་བླངས་ཞབས་ཞུ་གནང་འདོད་ཡོད་པ་རྣམས་ནས་གཤམ་འཁོད་ཁ་བྱང་ཐོག་འབྲེལ་བ་གནང་སྐྱོང་ཡོང་བའི་གསལ་བསྒྲགས་སུ། འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༦ ལ།། ལར་
འབྲེལ་བ་ཞུ་ཡུལ། འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་རྣམ་རྒྱལ་དགེ་འདུན།
ཁ་པར་ཨང་། ༩༨༨༢༨༧༠༠༧༠
གློག་ཕྲིན་ཁ་བྱང་། menkhangsection@tbet.net
Call for Volunteers in Fight against Covid-19
In view of continued emergency and deteriorating state of public health caused by Wuhan Covid-19 pandemic outbreak, the Department of
Health, CTA requests doctors, nurses, medical staff and drivers stationed
in Tibetan habitats in India and Nepal to render their short term voluntary services as per the need of their locality.
Interested volunteers for this noble cause can apply to the address given below.
Contact Person: Deputy Secretary Namgyal Gendun (DoHe)
Mobile no: 9882870070 Email ID: menkhangsection@tibet.net