བོད་ཀྱི་དཔེ་མཛོད་ཁང་གི་དཔེ་དེབ་གསར་ཐོན་ཁག་ཅིག་ངོ་སྤྲོད།

༡༽ བླ་མ་ལྔ་བཅུ་པའི་སྒྲུང་འགྲེལ། རྟོགས་བརྗོད་ཉིས་བརྒྱ་པ་ཞེས་པའི་དཔེ་དེབ་འདི་ནི། ངེས་དོན་རྒྱ་མཚོས་བསྒྲིགས་ཤིང་། གཙོ་བོ་སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་དགེ་བའི་བཤེས་གཉེན་སྦྱོར་བ་ལག་ལེན་གྱི་སྒོ་ནས་ཚུལ་ཇི་ལྟར་བསྟེན་པ་དང་། བསྟེན་ཚུལ་ལོག་པ་དག་གིས་རྣམ་སྨིན་གང་ཞིག་མྱངས་པ། ཚུལ་བཞིན་བསྟེན་པའི་བུ་སློབ་དག་ལ་ལེགས་ཚོགས་ཅི་ཞིག་ཐོབ་ཡོད་པ་སོགས་སྒྲོ་བཏགས་མ་ཡིན་པར་སྔོན་གྱི་བྱུང་རབས་ལོ་རྒྱུས་ཁོ་ནས་འགྲེལ་བ་ཞིག་ཡིན་འདུག

༢༽ རྒྱལ་པོ་མི་ལིནྡའི་ཞུ་ལན། གནས་བརྟན་ཀླུ་ཡི་སྡེ་ཞེས་པའི་དཔེ་དེབ་འདི་ནི། ཨཱཅཱརྱ་ཐུབ་བསྟན་བྱམས་པ་དང་འབུམ་རམས་པ་བློ་བཟང་རྡོ་རྗེ་རབ་གླེང་གཉིས་ཀྱིས་ཕབ་བསྒྱུར་དང་ཞུ་སྒྲིག་བྱས་ཡོད་པ་དང་། དཔེ་དེབ་འདི་ཡེ་ཤུ་མ་བྱུང་བའི་ལོ་༡༥༠ སྔོན་ཙམ་ལ་བྱུང་ཞིང་། གཞུང་འདི་གྲཱིཀ་གི་རྒྱལ་པོ་མིནཱཎཊར་ཞུ་བས་ནང་པའི་སློབ་དཔོན་ཆེན་པོ་ཀླུ་ཡི་སྡེ་ལ་དྲི་བ་ཕུལ་བ་ཁག་ལ་སློབ་དཔོན་གྱིས་དཔེ་དོན་དུ་མ་དང་སྦྱར་ནས་གོ་བདེ་པོའི་ངང་ལན་ཕུལ་བའི་གཞུང་ཧ་ཅང་གོ་བདེ་ཞིང་དོན་བཟང་བ་རྒན་གཞོན་བར་གསུམ་ཚང་མས་ནང་པའི་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་བཞག་གོ་བདེ་པོའི་ངང་ཤེས་ཐུབ་པའི་གཞུང་ཧ་ཅང་རྩ་ཆེ་ཞིང་སྙན་གྲགས་ཆེ་བ་ཞིག་ཡིན་འདུག

༣༽ འཛམ་གླིང་གི་སྤྱི་ནོར་ཞེས་པའི་དཔེ་དེབ་འདི་ནི་ངམ་རིང་བློ་བཟང་བསྟན་དར་གྱིས་བརྩམས་ཤིང་།དེབ་དེའི་ནང་བོད་བཙན་པའི་དུས་རབས་ནས་འགོ་བརྩམས་ཏེ། ༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་བར་གྱི་ལོ་རྒྱུས་མདོར་བསྡུས་དང་། ལྷག་པར་དུ་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་དང་འབྲེལ། གཉིས་སྨན་དབུ་མའི་ལམ་གྱི་གྲུབ་འབྲས་དང་དུས་རབས་ཉེར་གཅིག་པའི་ནང་པ། དུས་རབས་ཉེར་གཅིག་པའི་དགེ་བཤེས་མ། ཆབ་སྲིད་ཀྱི་འགན་དབང་མི་མང་ལ་གནང་བ་ཞེས་བརྗོད་གཞི་སྣ་ཚོགས་སྐོར་འཁོད་ཡོད་འདུག

༤༽ རང་མྱོང་མ་བཅོས་ལྷུག་པར་བཀོད་པའི་གཏམ་རྣ་བའི་བདུད་རྩི་ཞེས་པའི་དཔེ་དེབ་འདི་ནི། ཀུན་རྩེ་བསོད་ནམས་དབང་འདུས་ཀྱིས་བརྩམས་ཤིང་། ཕྱག་དེབ་འདི་ནི་༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་མཆོག་སྤྲུལ་རྩད་གཅོད་ངོས་འཛིན་དང་། ཉི་མ་ལྷ་སར་གདན་ཞུ་ཇི་ལྟར་གནང་བའི་སྐོར་འཁོད་པའི་ལོ་རྒྱུས་ཁུངས་ལྡན་ཞིག་ཡིན་འདུག