རྒྱ་གར་གྱི་སྲིད་བློན་མོ་དྷིའི་ཚེ་སྲོག་ལ་འཇིགས་སྐུལ་སླེབས་ཡོད་འདུག 

རྒྱ་གར་གྱི་སྲིད་བློན་ན་རན་ཌ་མོ་དྷིའི་ཚེ་སྲོག་ལ་འཇིགས་སྐུལ་བྱེད་མཁན་བྱུང་ཡོད་པ་དང་། འཇིགས་སྐུལ་དེ་རྒྱ་གར་གྱི་གསང་བའི་ལས་ཁུངས་ཀྱི་གློག་འཕྲིན་དུ་འབྱོར་ནས་རྒྱ་གར་སྒོར་མོ་(500 crore )་མ་སྤྲད་ན། སྲིད་བློན་གྱི་ཚེ་སྲོག་ལ་གནོད་འཚེ་གཏོང་གི་ཡིན་ཞེས་ཧིན་དྷིའི་ནང་བྲིས་པའི་འཕྲིན་ཐུང་ཞིག་འབྱོར་ཡོད་འདུག

ཕྱི་ཚེས་༧ ཉིན་རྒྱ་གར་གྱི་(wion)་གསར་ཁང་གིས་བརྗོད་གསལ་ལྟར་ན། ཉེ་ཆར་རྒྱ་གར་གྱི་སྲིད་བློན་ན་རན་ཌ་མོ་དྷིའི་ཚེ་སྲོག་ལ་འཇིགས་སྐུལ་བྱེད་མཁན་བྱུང་ཡོད་པ་དང་། དེ་ཡང་རྒྱ་གར་གྱི་གསང་བའི་ལས་ཁུངས་ཀྱི་གློག་འཕྲིན་དུ། གལ་སྲིད་རྒྱ་གར་གཞུང་གིས་ད་ལྟའི་བཙོན་ཁང་ནང་ཡོད་པའི་ཇག་པའམ་མི་གསོད་ལག་དམར་བ་(Lawrence Bishnoi)ཟེར་བ་དེ་གློད་བཀྲོལ་མ་བཏང་བ་དང་ཧིན་སྒོར་ཀ་རོ་༥༠༠ (500 crore )མ་སྤྲད་ན་། སྲིད་བློན་གྱི་ཚེ་སྲོག་ལ་གནོད་འཚེ་གཏོང་རྒྱུ་ཡིན་པ་ཧིན་དྷིའི་ནང་བྲིས་པའི་འཕྲིན་ཐུང་ཞིག་འབྱོར་ཡོད་འདུག དེ་བཞིན་རྒྱ་གར་གྱི་མངའ་སྡེ་གྷུ་ཇི་ར་ཐིའི་ནང་ཡོད་པའི་(the Narendra Modi stadium) ཟེར་བའི་རྩེད་མོའི་སྡིངས་ཆ་དེ་གཏོར་རྒྱུ་ཡིན་པར་བརྗོད་ཡོད་འདུག་ལ། གལ་སྲིད་དངུལ་མ་སྤྲད་པ་དང་མི་དེ་མ་གློད་ཚེ་སྲིད་བློན་གྱི་ཚེ་སྲོག་ལ་གནོད་འཚེ་གཏོང་རྒྱུ་ལས་ནམ་ཡང་བདེ་འཇགས་ཡོང་མི་སྲིད་ཅེས་བརྗོད་འདུག་པ་དང་། ད་ཆར་རྒྱ་གར་གཞུང་གིས་གློག་འཕྲིན་ཡོང་ཁུངས་དེ་ལ་ཉེན་རྟོག་པས་ཞིབ་དཔྱོད་བྱེད་བཞིན་ཡོད་འདུག  (Lawrence Bishnoi)ཟེར་བའི་མི་དེ་མི་གསོད་དོན་རྐྱེན་འགས་རྐྱེན་པས་རྒྱ་གར་གྱི་(Tihar)བཙོན་ཁང་ཟེར་བའི་བཙོན་ཁང་འཇིགས་སུ་རུང་བ་དེའི་ནང་ཡོད་པ་དང་། ཁོ་གློད་དགོས་ཡོད་ཟེར་ཡོད་འདུག དེའི་རྗེས་རྒྱ་གར་གཞུང་གིས་མོམ་བྷེའི་ཉེན་རྟོག་པ་དང་གཞན་སྲིད་བློན་གྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་ཚོགས་སྡེ་ཁག་ཚང་མ་ལ་བརྡ་ལན་སྤྲད་ནས་སྲིད་བློན་གྱི་བདེ་འཇགས་ལ་གཟབ་ནན་བྱེད་དགོས་པར་བརྗོད་ཡོད་འདུག རྒྱ་གར་གྱི་རྒྱ་གར་གྱི་བང་ཆེན་གསར་ཁང་གིས་བརྗོད་དོན་ལ། དམིགས་བསལ་མོམ་བྷེའི་གྲོང་ཁྱེར་ནང་ཡོད་པའི་(Wankhede stadium )ཟེར་བའི་ནང་དབྱུག་རྩེད་པོ་ལོ་རྩེད་འཆར་ཡོད་པ་དང་། སྐབས་དེ་དུས་བདེ་འཇགས་ཐད་གཟབ་ནན་བྱེད་དགོས་པར་སྐུལ་མ་བཏང་ཡོད་འདུག་ལ། རྩེད་མོ་དེའི་དབུ་འབྱེད་དེ་རྒྱ་གར་གྱི་གྲོང་ཁྱེར་(Ahmedabad་)ནང་ཡོད་པའི་(Narendra Modi Stadium)ཟེར་བ་དེའི་ནང་རྩེད་འཆར་ཡོད་པ་དང་། དབུ་འབྱེད་མཛད་སྒོའི་སྐབས་སུ་དབྱིན་ཡུལ་དང་ནེའུ་ཛི་ལན་ཌི་གཉིས་ཀྱིས་རྩེད་རྒྱུ་ཡིན་འདུག དེར་བརྟེན་སྐབས་དེ་དུས་གཏོར་རྒོལ་འབྱུང་སྲིད་པའི་ཉེན་ཁ་མཐོང་ནས་གཟབ་ནན་བྱེད་དགོས་པར་བརྗོད་ཡོད་འདུག (Lawrence Bishnoi)ཟེར་བའི་མི་དེ་ཡིས་བཙོན་ཁང་ནང་ཁོའི་རོགས་པ་མང་པོ་ཡོད་པ་ཚོད་དཔག་བྱེད་བཞིན་ཡོད་འདུག དེ་སྔོན་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་(Salman Khan)་ཐོག་ལ་འཇིགས་སྐུལ་བྱས་ཡོད་འདུག གློག་བརྙན་འཁྲབ་སྟོན་པ་

(Salman Khan)་གིས་མི་གསོད་ལག་དམར་བ་དེའི་གྲོང་ཚོའི་མི་རྣམས་ཀྱི་རིག་གཞུང་ལ་གནོད་པའི་བྱ་སྤྱོད་རིགས་སྤེལ་ཡོད་ཚུལ་བརྗོད་ནས་འཇིགས་སྐུལ་བྱས་ཡོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།