རྡོར་གདན་དུ་རྐང་སྤོལ་རྩེད་འགྲན་སྐབས་དོན་གྲུབ་གླིང་རུ་ཁག་གིས་རྒྱལ་ཁ་བླངས་པ།

 རྡོར་གདན་དུ་བོད་རིགས་ན་གཞོན་རྩེད་མོ་ཚོགས་པའི་གོ་སྒྲིག་འོག རྐང་རྩེད་སྤོ་ལོའི་འགྲན་སྡུར་ཞིག་བྱས་ཏེ། མཐའ་མའི་རྒྱལ་ཁ་ཀ་ལི་མན་ཊོ་དོན་གྲུབ་གླིང་རུ་ཁག་ལ་ཐོབ་ཡོད་པ་རེད།
དེ་ཡང་རྡོར་གདན་དུ་༧གོང་ས་མཆོག་གིས་དུས་དབང་གནང་བ་དང་སྟབས་བསྟུན། བཙན་བྱོལ་བོད་མི་གནས་སྡོད་བྱེད་ས་ས་གནས་འདྲ་མིན་ནས་ཡོང་བའི་རྩེད་འགྲན་པ་རྐང་སྤོལ་རུ་ཁག་བརྒྱད་ཀྱི་བར་15996139_1210119162399868_984776406_nརྩེད་འགྲན་བྱས་ཡོད་པ་རེད། ཟླ་འདིའི་ཚེས་༡༣ ཉིན་གྱི་ཕྱི་དྲོར་རྩེད་འགྲན་མཇུག་བསྡོམས་ཐོག་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་དང་། འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་གཉིས་ཕེབས་ཡོད་པ་རེད། མཐའ་མའི་རྩེད་འགྲན་ནང་སྦེལ་ཀོབ་རུ་ཁག་དང་། ཀ་ལི་མན་ཊི་རུ་ཁག་གཉིས་ཀྱི་བར་གྱི་རྩེད་འགྲན་གྱི་དུས་ཚོད་་སྐབས་སྤོ་ལོ་གཉིས་རེ་བླུགས་ཏེ་འདྲ་མཉམ་ཆགས་པར་བརྟེན། སྒོ་འགྲམ་ནས་སྤོ་ལོ་༼   པེ་ནལ་ཊི་ཀིག་ ༽  གཞུ་རེས་བྱས་ཏེ། མཐའ་མའི་རྒྱལ་ཁ་ཀ་ལི་མན་ཊི་དོན་གྲུབ་གླིང་རུ་ཁག་ལ་ཐོབ་སྟེ། གཟེངས་བསྟོད་བྱ་དགའ་ཧིན་སྒོར་འབུམ་གཉིས་དང་། ཨང་གཉིས་པ་ལ་འབུམ་གཅིག་སྤྲད་ཡོད་པ་རེད།
ལྟད་མོ་བར་འཛིན་བྱང་བཙོང་ཡོད་པ་དང་། མཐའ་མའི་རྩེད་འགྲན་སྐབས་འཛིན་བྱང་རེ་ལ་ཧིན་སྒོར་སུམ་བརྒྱ་བྱས་ཡོད་པ་རེད། པེ་ལན་ཊི་ཀིག་གཞུ་རིས་སྐབས་ལྟད་མོ་བ་མང་པོས་རྩེད་ཐང་སྟེང་ཡོང་བ་དང་སྒྲིག་གཞི་བརྩི་སྲུང་མ་བྱས་པར་རྩེད་འགྲན་སྐབས་དཀའ་ངལ་ཡང་འཕྲད་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས་རྡོར་གདན་ནས།