སྦེལ་རྗམ་དུ་རྒྱ་ནག་གཞུང་ཚབ་ལ་ངོ་རྒོལ།
ཟླ་འདི་ཚེས་༢༠ ཉིན་སྦེལ་རྗམ་གྱི་རྒྱལ་ས་བྷུ་རུ་ཟལ་ནས་བོད་མི་བརྒྱ་ཕྲག་གཉིས་ལྷག་ཅིག་གིས་ས་གནས་ཀྱི་རྒྱ་ནག་གཞུང་ཚབ་མདུན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རྒྱ་ནག་གི་མཙོན་ཁང་ནས་བཀྲོངས་ཡོད་པར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།
དེ་ཡང་ས་གནས་སུ་གནས་སྡོད་བོད་མི་བློ་བཟང་བྱམས་པ་དང་། བསྟན་དར། ཚེ་རིང་ཁོང་གསུམ་གྱིས་དྭངས་བླངས་ཐོག་ལས་འགུལ་དེ་བཀོད་སྒྲིག་བྱས་ཡོད་པ་དང་། ལས་འགུལ་སྐབས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རྒྱ་ནག་གིས་བཀྲོང་པ་རེད། བོད་ནང་འགྲོ་བ་མིའི་ཐོབ་ཐང་མི་འདུག ཟེར་བ་སོགས་འབོད་ཚིགས་རིགས་འདྲ་མིན་༡༡ ཙམ་བསྒྲགས་ཡོད་པ་དང་། ལས་འགུལ་ནང་མི་མང་སུམ་བརྒྱ་ཙམ་མཉམ་ཞུགས་བྱས་ཡོད་འདུག །
ལས་འགུལ་སྐབས་བོད་མི་ཁག་ཅིག་རྒྱ་ནག་གཞུང་ཚབ་ནང་འགྲོ་ཐབས་བྱས་ཡོད་པ་དང་། མི་མང་གིས་བོད་ནང་རྒྱ་ནག་གིས་དམར་གསོད་གཏོང་བཞིན་པ་སོགས། བོད་ནང་གི་གནས་སྟངས་མཚོན་པའི་འཕྲེད་དར་སྣ་ཚོགས་དང་། བོད་ཀྱི་རྒྱལ་དར་སོགས་འཕྱར་ནས་སྐད་འབོད་བྱས་ཡོད་པ་རེད། འགོག་སྲུང་སྒྲིག་ཆས་ཅན་གྱི་ས་གནས་ཉེན་རྟོག་པ་ཡང་མང་པོ་ལས་འགུལ་སྤེལ་སར་འབྱོར་ནས་རྒྱ་ནག་གཞུང་ཚབ་སྲུང་སྐྱོབ་བྱས་འདུག་པ་ལས། བོད་མི་ལས་འགུལ་བ་འཛིན་བཟུང་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་མེད་པ་རེད། །
ས་གནས་གསར་འགོད་པ་བཀྲ་ཤིས་བདེ་ལེགས།
