ཨ་མདོ་རྨ་ཆུ་རུ་རང་ལུས་མེར་སྲེག
ཟླ་འདིའི་ཚེས་༨ ཉིན་གྱི་དགོང་མོ་ཨ་མདོ་རྨ་ཆུ་རྫོང་ཐོག་ཏུ་བོད་མི་ཞིག་གིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་བརྙན་འཕྲིན་ཕྱི་ལ་ཁྱབ་ཡོད་པ་དང་། བརྙན་འཕྲིན་དེའི་ནང་རང་ལུས་མེར་སྲེག་གི་འཁྲིས་སུ་བུད་མེད་ཅིག་གིས་༧རྒྱལ་བ་བསྟན་འཛིན་རྒྱ་མཆོ་མཁྱེན་ཞེས་གསོལ་འདེབས་བྱས་པའི་སྒྲ་གསལ་པོ་གོ་རྒྱུ་ཡོད་པ་རེད།
དེ་བཞིནབརྙན་གཅིག་གི་ནང་དུ་རྒྱ་ནག་གི་ཉེན་རྟོག་པ་སླེབས་ནས་རང་སྲེག་མཁན་གྱི་ཕུང་པོ་འཁྱེར་ཡོད་པ་ཡང་གསལ་པོ་ཡོད་པ་དང་། བརྙན་དེ་ཐོག་མར་ངོ་དེབ་ཐོག་བཀྲམ་མཁན་ལྷ་ཚེ་བསོད་ནམས་ལ་དེའི་སྐོར་གནས་འདྲི་བྱས་པར། ཁོང་གིས་གནས་ཚུལ་དེ་ཕྱི་ཟླ་༡༢ ཚེས་༨ ཉིན་བྱུང་བ་དངོས་ཡོད་རེད་འདུག ཡིན་ཡང་གནས་ཚུལ་ཁ་གསལ་རྒྱུས་ལོན་ཐུབ་ཀྱི་མི་འདུག་ཅེས་འགྲེལ་བརྗོད་བྱས་སོང་།།