ཨ་རིའི་རྒྱལ་ཁབ་སླར་ཡང་རླབས་ཆེན་བཟོ་རྒྱུ་ཡིན་ཟེར།

694940094001_5290673038001_5290668913001-vsསྐུ་ཞབས་ཌོ་ནལ་ཊོམ་གྱིས་ཨ་རིའི་སྲིད་འཛིན་༤༥ པའི་དམ་འབུལ་བྱས་ཡོད་པ་དང་། ཁོང་གིས་སྲིད་འཛིན་གྱི་དུས་ཡུན་རིང་ཨ་རིའི་དཔལ་འབྱོར་དང་བདེ་འཇགས། རྒྱལ་སྤྱིའི་འབྲེལ་ལམ་སོགས་ཡར་རྒྱས་གཏང་རྒྱུ། དེ་བཞིན་ཨ་རིའི་ས་མཚམས་སྲུང་སྐྱོབ་དང་རྒྱལ་སྤྱིའི་འབྲེལ་ལམ་ཁྲོད། ག་དུས་ཡིན་ཡང་ཨ་རིའི་གནད་དོན་དེ་དང་པོ་བརྩི་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

ཟླ་འདིའི་ཚེས་༢༠ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཨ་རིའི་སྲིད་འཛིན་༤༥ པ་སྐུ་ཞབས་ཌོ་ནལ་ཊོམ་གྱི་དམ་འབུམ་མཛད་སྒོ་དངོས་གཞི་དེ་ཚོགས་ཡོད་པ་དང་། དེ་གར་སྲིད་འཛིན་༤༤ པ་སྐུ་ཞབས་ཨོ་བྷ་མ་གཙོས་ཨ་རིའི་སྲིད་འཛིན་ཟུར་པ་ཁག་ཅིག་གིས་མཉམ་ཞུགས་བྱས་ཡོད་ཁར། མི་མངཁྲི་ཕྲག་མང་པོས་མཉམ་ཞུགས་བྱས་འདུག་ཀྱང་། དེ་སྔོན་སྲིད་འཛིན་གཞན་གྱི་དམ་འབུལ་མཛད་སྒོ་ལས་ཤིན་ཏུ་ཉུང་བ་མཉམ་ཞུགས་བྱས་ཡོད་འདུག

སྐུ་ཞབས་ཊོམ་གྱིས་འོས་བསྡུའི་ཁྱབ་བསྒྲགས་སྐབས་མི་རིགས་དབྱེ་འབྱེད་སོགས་ཀྱི་སྐད་ཆ་མང་པོ་བཤད་ཡོད་ཀྱང་། དམ་འབུལ་མཛད་སྒོའི་སྐབས། མི་རིགས་དབྱེ་མེད་ཐོག་ཨ་རིའི་རྒྱལ་ཁབ་དེ་ཉིད་བསྐྱར་དུ་འཛུགས་བསྐྲུན་བྱེད་པའི་འབད་བརྩོན་ལ་ནུས་པ་མཉམ་དཔུང་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱིས་མི་མང་ལ་ཁས་ལེན་བྱས་པ་རྣམས་བསྐྱར་གསོ་བྱེད་དགོས་པ། ཨ་རིའི་མི་མང་རྣམས་ཀྱིས་ནང་ཁུལ་གྱི་འགལ་ཟླའི་རྨ་ཁ་གསོས་ནས་། ཆིག་སྒྲིལ་བྱ་རྒྱུ་གལ་ཆེན་ཡིན་པ་སོགས་ཀྱི་སྐོར་ལ་ནན་སྐུལ་བྱས་ཡོད་པ་རེད།

Donald-Trump-Inauguration-2017-1དེ་བཞིན་ཁོང་གིས་ཨ་རིའི་ནང་གི་བཟི་སྨན་དང་དྲག་པོ་སོགས་ཀྱི་ནག་ཉེས་མེད་པ་བཟོ་རྒྱུ་དང་། ཁ་ཆེ་འཇིག་སྐུལ་རིང་ལུགས་པ་རྣམས་རྩ་མེད་གཏང་རྒྱུ་ཡིན་པ། དེ་བཞིན་ཨ་རིའི་ནང་དུ་བཟོ་གྲྭ་དང་ཚོང་ལས་སྡེ་ཚན་སོགས་བསྐྱར་འཛུགས་ཀྱིས། མི་མང་ལ་ལས་ཀ་མང་དུ་གཏང་རྒྱུ། ཨ་རིའི་ཚོང་ཟོག་སོགས་ལ་སྲུང་སྐྱོབ་ཐོག ཨ་རིའི་དཔལ་འབྱོར་ཡར་རྒྱས་གཏང་རྒྱུ་ཡིན་པ་སོགས་ཀྱི་སྐོར་་གཏམ་བཤད་བྱས་ཡོད་པ་དང་། ཁོང་གི་གཏམ་བཤད་དེ་ཁོང་རང་ཉིད་ཀྱིས་བྲིས་པ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།