༢༠༢༤ ལོའི་ཨ་རིའི་འོས་བསྡུ་དང་སྤྱི་མཐུན་ཚོགས་པའི་འོས་མིའི་བར་གྱི་འགྲན་རྩོད།
ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་ནི་ལོ་འདིའི་ཕྱི་ཟླ་༡༡ ཟླ་མཇུག་ཙམ་ནས་འགོ་འཛུགས་ཀྱི་ཡོད་པ་དང། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་མ་ཡིན་པའི་འོས་མི་གཞན་ད་བར་བདུན་བརྒྱད་གཅིག་ཡོད་འདུག
ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་༢༠༢༤ ལོའི་ཨ་རིའི་སྲིད་འཛིན་འོས་མི་ལང་རྒྱུ་གསལ་བསྒྲགས་བྱས་ཟིན་པ་དང། ཁོང་གི་འབོད་སྒྲ་ནི་གལ་སྲིད་ཁོང་ཨ་རིའི་སྲིད་འཛིན་ལ་འདེམས་ཐོན་བྱུང་བ་ཡིན་ན། ཁོང་གིས་ངས་སྟོབས་འབྱོར་ཆེ་བའི་ཨ་རིའི་རྒྱལ་ཁབ་དེ་སླར་ཡང་སྟོབས་འབྱོར་སྔར་ལས་ཇེ་ཆེར་གཏོང་རྒྱུ་ཡིན(make America great and glorious again) ཞེས་བརྗོད་འདུག
ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནམ་ཊམ་ལགས་ནི་ཨ་རིའི་སྤྱི་མཐུན་ཚོགས་པའི་མི་དམངས་ཀྱིས་དགའ་ཤོས་བྱེད་ས་ཞིག་ཡིན་ཡང། ཁོང་ལ་དེ་སྔོན་ཁྲིམས་ཐོག་ནས་ཉེས་འཛུགས་ཕོག་ཡོད་པར་བརྟེན། སྤྱི་མཐུན་ཚོགས་པས་ཁོང་འོས་མིར་སློང་རྒྱུ་འགོག་རྐྱེན་འཕྲད་བཞིན་ཡོད་འདུག ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལགས་ནི་ཨ་རིའི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུ་འགོ་འཛུགས་བྱེད་དུས་ཁོང་གི་དགུང་ལོ་༧༨ ཆགས་འགྲོ་བ་དང། ཁོང་ལ་སྤྱི་མཐུན་ཚོགས་པའི་ནང་ཁུལ་ནས་འགྲན་རྩོད་བྱེད་མཁན་གྱི་འོས་མི་གཞན་ཡང་ཡོད་འདུག
གཤམ་ལ་འོས་མི་གཞན་སུ་དང་སུ་ཡོད་པ་དང། དེ་དག་གི་ལོ་རྒྱུས་མདོར་བསྡུས་ནི།
ཊོ་མི་སི་ཀོར་ཏྲི། (Tim Scott)

སི་ཀོར་ཏྲི་ཁོང་ནི་ལོ་ངོ་བཅུ་ཕྲག་འགའ་ཡི་རིང་ཨ་རིའི་ལྷོ་ཕྱོགས་མངའ་སྡེ་ཁོ་རོ་ལན་( South Caroline) ནང་སྲིད་དོན་གྱི་ཕྱག་ལས་གནང་མྱོང་ཡོད་པ་དང། ད་ཆར་ཁོང་དགུང་ལོ་༥༧ ཡིན་འདུག་ལ། ༢༠༢༢ ལོར་ཁོང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལ་བསྐྱར་དུ་འདེམས་ཐོན་བྱུང་ཡོད་འདུག
ཁོང་ནི་དུས་རྒྱུན་དུ་རྙིང་ཞེན་གྱི་ལྟ་བ་ལ་གལ་ཆེན་འཛིན་མཁན་ཞིག་ཡིན་ཞིང། གནད་དོན་དུ་མ་ཞིག་གི་སྐོར་དོ་སྣང་ཆེ་ཞིང་བྱེ་བྲག་ཏུ་ཨ་རིའི་ནང་མི་རིགས་ཕན་ཚུན་བར་དང་འབྲེལ་བའི་སྲིད་ཇུས་འགའ་དང་། གཞན་སྲིད་ཇུས་ཁག་ཅིག་ལ་བསྐྱར་བཅོས་དགོས་ཚུལ་གསུངས་ནས་ཤུགས་སྣོན་རྒྱག་མཁན་ཞིག་ཡིན་འདུག ཁོང་གིས་བརྗོད་དོན་ལ་ང་ནི་ཨ་རིའི་རྒྱལ་ཁབ་འདི་གོ་སྐབས་ཀྱི་ཕ་ས་ཞིག་ཡིན་པ་ལས། བཙན་གནོན་གྱི་གཡུལ་ས་ཞིག་མིན་པའི་དཔང་རྟགས་རྗེན་པ་དེ་ཡིན་པས། རྗོ་བྷན་ཌན་དང་གཡོན་ཕྱོགས་ཀྱི་ཤོག་ཁག་དག་ནི་གོ་སྐབས་ཡོད་ཚད་ལ་སྡང་ཟུག་བྱེད་མཁན་དེ་ཡིན་པས། ང་མ་ཡོང་ཐབས་མེད་ཆགས་ཡོད་ཅེས་ཁོང་གིས་གསུངས་འདུག
སི་ཀོར་ཏྲི་ཁོང་ནི་ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་མི་རིགས་ནག་པོའི་གྲོས་ཚོགས་འཐུས་མི་གསུམ་ཡོད་པའི་ནང་ནས་གཅིག་ཁོང་ཡིན་འདུག
ནི་ཀི་ཧ་ལི( Nikki Haley)

ཁོང་མོས་འདི་ལོ་ཕྱི་ཟླ་༢ པའི་ནང་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཊོ་ནལ་ཊམ་གྱི་ཁ་གཏད་ལང་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཟིན་འདུག ཁོང་མོ་ནི་སྐབས་གཅིག་ལ་སྤྱི་མཐུན་ཚོགས་པའི་ཁྲོད་ན་གཞོན་འཇོན་ནུས་ཅན་དང་རྣམ་དཔྱོད་ཅན་ཞིག་ཡིན་པས། ཀུན་གྱིས་སྨོན་ས་ཞིག་ཡིན་ཡང་ད་ཆར་ཁོང་མོ་ཏོག་ཙམ་ཉམས་ཡོད་འདུག ཁོང་མོའི་ཕ་མ་གཉིས་ནི་རྒྱ་གར་པན་ཇབ་ནས་ཨ་རིར་ཡོང་ཞིང་། ཕྱི་ལོ་༢༠༠༩ ལོར་ཁོང་མོ་ཨ་རིའི་མངའ་སྡེ་(Carolina)ནང་མངའ་སྡེའི་སྲིད་སྐྱོང་དགུང་ལོ་ཆུང་ཤོས་དེ་ཆགས་མྱོང་ཡོད་པ་དང་ད་ལྟ་ཁོང་མོ་དགུང་ལོ་༥༡ ཡིན་འདུག
རོན་དྷི་སེན་ཊ་སི།(Ron DeSantis)

ཁོང་ནི་ད་ཆར་ཨ་རིའི་མངའ་སྡེ་(Dlorida) ནང་གི་སྲིད་སྐྱོང་ཡིན་པ་དང། ཁོང་གིས་དཀའ་ལས་བརྒྱབས་ནས་སྲིད་འཛིན་ཟུར་པ་ཊོ་ནམ་ཊམ་ལ་ཁ་གཏད་གཅོག་ཐབས་བྱེད་བཞིན་པ་མ་ཟད། མ་འོངས་པ་ཁོང་དང་ཊོ་ནམ་ཊམ་གཉིས་ཆེས་མཐའ་མའི་འགྲན་རྩོད་དུ་ཐུག་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག ད་ལྟ་དགུང་ལོ་༤༤ཡིན་པའི་རོན་ཁོང་ནི་(Harvard Law school )ཧ་ཝོ་ཌ་ཁྲིམས་ཀྱི་མཐོ་སློབ་དང་(Yale university )ཡེལ་མཐོ་སློབ་ནས་ཁྲིམས་རྩོད་པའི་སློབ་མཐར་ཕྱིན་ཡོད་པ་དང་། དེ་རྗེས་ཁོང་ཨ་རིའི་མཚོ་དམག་དང་ཨི་རག་ནང་ཕྱག་ལས་གནང་མྱོང་ཡོད་ཅིང་། ཕྱི་ལོ་༢༠༡༣ ནས་༢༠༡༨ བར་གྲོས་ཚོགས་འོག་མའི་འཐུས་མི་ཡིན་འདུག ཕྱི་ལོ་༢༠༡༩ ནང་ཁོང་མངའ་སྡེའི་སྲིད་སྐྱོང་ཆགས་པ་ནས་སྐད་གྲགས་ཆེན་པོ་གྱུར་ཡོད་པ་དང། ཏོག་དབྱིབས་ནད་ཡམས་ཁྱབ་བརྡལ་འགྲོ་བཞིན་པའི་སྐབས་སུ་སྔོན་འགོག་གི་སྨན་དང་ཁ་རས་སྤྲད་པ། དེ་བཞིན་མི་རིགས་དབྱེ་འབྱེད་བཀག་སྡོམ་གྱི་ཁྲིམས་འཆར་ལ་མཚན་རྟགས་བརྒྱབས་པ་སོགས་མི་དམངས་ལ་ཕན་པའི་བྱ་བ་རླབས་ཆེན་མང་པོ་ཞིག་བསྒྲུབས་ཡོད་པར་བརྟེན། སྤྱི་མཐུན་ཚོགས་པ་ནང་ཁུལ་ནས་ཁོང་ལ་དགའ་མོས་བྱེད་མཁན་ཧ་ཅང་མང་པོ་ཡོད་འདུག
མེ་ཁི་ཕེན་སི་(Mike Pence)

མེ་ཁི་ལགས་ནི་འདས་པའི་མི་ལོ་བཞིའི་རིང་ཊོ་ནམ་ཊམ་སྲིད་འཛིན་ཡིན་སྐབས་ཁོང་སྲིད་འཛིན་གཞོན་པའི་ཕྱག་ལས་གནང་མྱོང་ཡོད་པ་དང། ཁོང་གི་སློབ་སྦྱོང་གི་རྒྱུད་རིམ་ནི་སྲིད་དོན་དང་འབྲེལ་བའི་གནད་དོན་སྐོར་རླུང་འཕྲིན་ཁང་ནང་མདོ་འཛིན་པ་ཡིན་འདུག་ལ། ཁོང་ཕྱི་ལོ་༢༠༠༠ ནས་༢༠༡༣ བར་གྲོས་ཚོགས་འཐུས་མི་འདེམས་ཐོན་བྱུང་ཡོད་འདུག ཕྱི་ལོ་༢༠༡༣ ནས་༢༠༡༧ བར་ཁོང་ཨིན་ཌི་ཡན་(Indiana) མངའ་སྡེའི་སྲིད་སྐྱོང་གི་ཕྱག་ལས་གནང་ཡོད་པ་དང། ཁོང་མངའ་སྡེ་དེའི་སྲིད་སྐྱོང་ཡིན་དུས་མངའ་སྡེ་དེའི་ལོ་རྒྱུས་ནང་དཔྱ་ཁྲལ་མང་ཤོས་གཅོག་མཁན་ཞིག་ཡིན་འདུག་ཅིང་། ཁོང་གིས་བྱིས་པ་མངལ་ནས་འདོན་མི་ཆོག་པའི་ཁྲིམས་དང་ཆོས་ལུགས་རང་དབང་སྲུང་སྐྱོབ་ཀྱི་ཁྲིམས་སོགས་ལ་མཚན་རྟགས་བརྒྱབ་པ་བཅས་ཀྱི་ཕྱག་ལས་གནང་ཡོད་འདུག དགུང་ལོ་༦༣ཡིན་པའི་མེ་ཁི་ལགས་ནི་ཡི་ཤུའི་ཁྱིམ་ཚང་ཞིག་ནང་སྐྱེས་ཡོད་ཅིང། ཁོང་གིས་ཕྱི་ལོ་༢༠༡༦ ལོར་ཨ་རིའི་སྲིད་འཛིན་འོས་བསྡུའི་ནང་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལགས་འོས་ཐོབ་ཐབས་ཆེད་དུ་རོགས་རམ་ཆེན་པོ་བྱས་ཡོད་འདུག མེ་ཁི་ལགས་ནི་མི་གཞི་འཇམ་ལ་སྨྲ་ལྕེ་བདེ་བའི་མི་འཇོན་ཐང་ཅན་ཞིག་ཡིན་འདུག འོན་ཀྱང། ཕྱི་ལོ་༢༠༢༠ སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་ཁོང་བློ་ཁོག་གིས་འདང་གི་མི་འདུག་ཟེར་ནས་ཁོང་སྲིན་འཛིན་གཞོན་པ་ནས་བརྗེས་པོ་བརྒྱབ་ཡོད་པ་དང་། ཕྱི་ལོ་༢༠༢༡ ནང་ཌོ་ནལ་ཊམ་སྲིད་འཛིན་འོས་བསྡུའི་ཁྲོད་འོས་ཤོར་བ་ནས་བཟུང་། ཁོང་གི་རྒྱབ་སྐྱོར་བ་དག་གིས་ངོ་རྒོལ་ཤུགས་ཆེན་བྱས་ཏེ་ཌོ་ནལ་ཊམ་དང་ཁོང་གི་བར་རྒྱང་ཐག་རིང་པོ་ཆགས་ཡོད་འདུག
ཝི་ཝི་རིག་མིག་སོ་ཝ་མེག་( vivek Ramaswamy)

སོ་ཝ་མེག་ལགས་ནི་རང་ལོ་༣༧ ཡིན་པ་དང། ཁོང་ནི་རྒྱ་གར་གྱི་མི་བརྒྱུད་དང་ཚོང་པ་ཞིག་ཡིན་འདུག་ཀྱང་། ཆབ་སྲིད་ཀྱི་ཉམས་མྱོང་ད་བར་ཡོད་མྱོང་འདུག ཁོང་དུས་རྒྱུན་དུ་ཨ་རིའི་ནང་ཡོད་པའི་( Tucker Carlson’s daily) ཟེར་བའི་བརྙན་འཕྲིན་ཁང་ཞིག་གི་མདོ་འཛིན་པ་ཡིན་འདུག དེ་བཞིན་ཁོང་གིས་ཕྱི་ལོ་༢༠༡༤ ནས་༢༠༢༡ བར་སྨན་གྱི་བཟོ་གྲྭ་ཞིག་གི་སྦྱིན་བདག་ཡང་བྱས་འདུག་པ་དང། ད་ཆར་ཁོང་( co-founded Strive Asset Management)ཟེེར་བའི་ཚོང་ལས་ཁང་ཞིག་གསར་འཛུགས་གནང་མཁན་དང་རྩོམ་པ་པོ་ཡང་ཡིན་འདུག
ཨ་སག་ཧོ་ཆིན་སིན(Asa hutchinson)

ཁོང་ནི་(Arkansas) མངའ་སྡེའི་ནང་སྲིད་སྐྱོང་ཐེངས་གཉིས་གནང་མྱོང་ཡོད་འདུག་ལ། ཁོང་སྲིད་འཛིན་འོས་མི་ལང་རྒྱུ་ཡིན་པ་ཕྱི་ཟླ་༤ནང་གསལ་བསྒྲགས་བྱས་པ་དང། ཁོང་ད་ལྟ་དགུང་ལོ་༧༢ ཡིན་ཞིང། ཚོང་པ་ཞིག་དང་ད་བར་གྲོས་ཚོགས་འཐུས་མི་ཐེངས་གཉིས་བྱས་མྱོང་ཡོད་འདུག
ལེ་རིག་ཨལ་གྲབ(Larry Elder)

ཁོང་ནི་ཁྲིམས་རྩོད་པ་ཞིག་ཡིན་ཞིང། ད་ལྟ་དགུང་ལོ་༧༡ ཡིན་པ་དང་། ཕྱི་ལོ་༢༠༢༡ ནང་ཁོང་ཨ་རིའི་མངའ་སྡེ་(California) ནང་སྲིད་སྐྱོང་འོས་མི་ལངས་ཡོད་ཀྱང་འོས་ཐོབ་མི་འདུག།
གོ་ལན་ཡོག་ཀན( Glenn Youngkin)

ཁོང་ནི་ད་ལྟ་དགུང་ལོ་༥༥ ཡིན་པ་དང། ཕྱི་ལོ་༢༠༢༡ ལོར་ཨ་རིའི་མངའ་སྡེ་( Virginia) ནང་ཁོང་སྲིད་སྐྱོང་ཆགས་ཡོད་འདུག་ལ། འདས་པའི་མི་ལོ་༢༥ ཙམ་གྱི་རིང་ལ་སྲིད་དོན་པ་བྱས་མྱོང་ཡོད་འདུག
གོང་གི་འོས་མི་དེ་དག་ནི་ཕྱི་ལོ་༢༠༢༤ ལོའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ལང་མཁན་རྣམས་ཡིན་འདུག་ལ། ད་དུང་(Geoge W Bush) སྲིད་འཛིན་ཡིན་དུས་ཀྱི་སྲིད་འཛིན་གཞོན་པ་(Dick Cheney)ཡི་བུ་མོ་(Liz Cheney) ར྄ོན་ཎིཎདང་། དེ་བཞིན་ཨ་རིའི་མངའ་སྡེ་(Texas) སྲིད་སྐྱོང་དང་གཞན་འགའ་ཡང་ལང་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།