༧གོང་ས་མཆོག་གིས་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལ་འཚམས་འདྲི།
ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༢༠ ཉིན། ༧གོང་ས་མཆོག་གིས་བྷི་ཧར་མངའ་སྡེའི་འོས་བསྡུའི་ཁྲོད། སྐུ་ཞབས་ནི་ཏིཤ་ཀུ་མར་སླར་ཡང་བློན་ཆེན་དུ་བསྐོ་གཞག་བྱུང་བར་འཚམས་འདྲི་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ་སྤེལ་བའི་མགོན་པོ་གང་ཉིད་ཀྱི་འཚམས་འདྲིའི་གསུང་འཕྲིན་ནང་། ༧གོང་ས་མཆོག་གིས་འདས་པའི་ལོ་མང་པོའི་རིང་བྷི་ཧར་དང་། སྒོས་སུ་གནས་མཆོག་རྡོ་རྗེ་གདན་དུ་སྐྱོད་སྐབས་སྐུ་ཉིད་ཀྱིས་ངོས་ལ་མཛའ་བརྩེའི་ངང་ནས་མགྲོན་བསུ་སྣེ་ལེན་ཞུས་པར་ཡི་རངས་བསྔགས་བརྗོད་ཡོད། ངོས་ནས་རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་གནའ་བོའི་རིག་གཞུང་དར་སྤེལ་གྱི་འབད་བརྩོན་ལ་སྐུ་ཉིད་ཀྱིས་རྒྱུན་མཐུད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྐུ་ཉིད་ཀྱིས་མཁྱེན་གསལ་ལྟར་རྒྱ་གར་གྱི་བྱམས་སྙིང་རྗེའི་ལྟ་གྲུབ་དང་འཚེ་བ་མེད་པའི་བྱ་སྤྱོད་དེ་ཉིད་འཛམ་གླིང་ནང་མིག་དཔེ་འོས་པ་ཞིག་ཏུ་གྱུར་ཡོད།
འདས་པའི་ལོ་ཤས་རིང་བྷི་ཧར་མངའ་སྡེའི་ནང་ཡར་རྒྱས་གོང་འཕེལ་ཕྱིན་ཡོད་ལ། ཡར་རྒྱས་དེ་དག་གིས་དབུལ་ཕོངས་དང་དགོས་མཁོ་ཅན་གྱི་མི་རྣམས་ལ་ཕན་ཐོགས་དོན་དང་ལྡན་པ་ཞིག་ཡིན་ཞེས་དང་།
མཐར་༧གོང་ས་མཆོག་གིས་བྷི་ཧར་གྱི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མར་ལ་མི་མང་གི་རེ་བ་དང་དགོས་མཁོ་བསྐོང་ཐུབ་པའི་ཐུགས་སྨོན་མཛད་ཡོད་ཅེས་བཀོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
