༧གོང་ས་མཆོག་དང་ཆོས་དཔོན་ཀྲུ་ཀྲུ་གཉིས་དང་འབྲེལ་བའི་གློག་བརྙན་གསར་པ་ཞིག་གཟིགས་འབུལ་ཞུ་འཆར་འདུག
གློག་བརྙན་བཟོ་སྐྲུན་པ་གྲགས་ཅན་གཉིས་ཀྱིས་༧གོང་ས་མཆོག་དང་ཡེ་ཤུའི་ཆོས་དཔོན་ཀྲུ་ཀྲུ་གཉིས་ཀྱི་མཛའ་འབྲེལ་ཐོག་གློག་བརྙན་བཟོ་སྐྲུན་གནང་འདུག་པ་དང་། གློག་བརྙན་དུས་སྟོན་ཞིག་གི་ཐོག་ཏུ་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག
དེ་ཡང་གློག་བརྙན་བཟོ་སྐྲུན་པ་(Louie Psihoyos)དང་(Peggy Callahan)གཉིས་ཀྱིས་བཟོ་སྐྲུན་གནང་བའི་དངོས་བྱུང་གློག་བརྙན་(MISSION: JOY – Finding Happiness in Troubled Times)དཀའ་སྡུག་གི་དུས་ལ་བདེ་སྐྱིད་རྙེད་པ་ཞེས་པ་དེ་(Tribeca)གློག་བརྙན་དུས་སྟོན་ཐོག་ཏུ། ཟླ་༦ པའི་ཚེས་༡༢ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༢ པར་དྲ་ཐོག་ནས་གཟིགས་འབུལ་ཞུ་འཆར་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།