ཁ་ཆེའི་དྲག་སྤྱོད་པས་ཡུལ་མི་ཉིས་བརྒྱ་གློད་བཀྲོལ།

ཁ་ཆེའི་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་ ISIS ཡིས་ཡཱ་ཛི་ལྡི་(Yazidi) ཆོས་ལུགས་ལ་དད་མོས་བྱེད་མཁན་གྱི་ཡུལ་མི་༢༠༠ ཙམ་ཞིག་གློད་གྲོལ་བཏང་འདུག

10943368_900825013290783_1359482764_nཟླ་འདིའི་ཕྱི་ཚེས་༡༧ གྱི་ཉིན། དཀྱིལ་ཤར་ཨེ་ཤེ་ཡའི་ཡུལ་གྲུ་ཨི་རག་དང་སི་རི་ཡའི་གཞི་རྒྱ་ཆེ་བའི་ཁ་ཆེའི་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་ISIS ཡིས་ཕྱི་ལོ་ ༢༠༡༤ ལོར། བཙན་བཟུང་བྱས་པའི་ཡཱ་ཛི་ལྡི་(Yazidi) ཡི་ཡུལ་མི་ཉུང་མཐར་ཡང་༢༠༠ ཙམ་ཞིག་གློད་གྲོད་བཏང་ཡོད་འདུག ཡཱ་ཛི་ལྡི་ནི་ཨི་རག་གི་ནུབ་ཕྱོགས་དང་སི་རི་ཡའི་ཁུལ་དུ་གནས་སྡོད་ཀྱི་འཇིག་རྟེན་བཀོད་པ་པོ་ཁས་ལེན་པའི་ཡི་ཤུའི་ཆོས་ལུགས་ཀྱི་བྱེ་བྲག་ཆོས་བརྒྱུད་ཅིག་ལ་དད་མོས་བྱེད་མཁན་གྱི་སྟོང་ལ་ཉེ་བའི་མི་རིགས་ཤིག་ཡིན་པ་དང་། ཁ་ཆེ་དང་ཚོགས་པ་གཞན་ཁ་ཤས་ཀྱིས་ཁོང་ཚོ་ནི་ལྷ་འདྲེ་གསོལ་མཁན་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་འདུག

དེ་ཡང་གློད་གྲོལ་ཐོབ་པ་རྣམས་ཀྱི་ནང་བྱིས་པ་ནད་པ་གསུམ་ཡོད་པ་དང་གཞན་ཕལ་མོ་ཆེ་ལོ་ན་མཐོ་བའི་རྒས་ཁོག་དང་། ལུས་སེམས་བདེ་ཐང་མེད་པ་ཤ་སྟག་ཡིན་པ་མ་ཟད། བཙོན་པ་རྣམས་ཨི་རག་གི་ས་ཁུལ་ཀུ་རུ་ཌི་ཤུ་ཡི་རྒྱལ་ས་ཨེར་བྷིལ་Irbil གྱི་ཟམ་པ་ཞིག་གི་ཉེ་འགྲམ་དུ་སྤོས་ཡོད་པ་དང། ཀུ་རུ་ཌི་ཤུའི་སྲིད་གཞུང་གིས་གཞུང་གི་སྨན་ཁང་དུ་བསྐྱལ་ཏེ་སྨན་བཅོས་བྱེད་བཞིན་ཡོད་འདུག

10933316_900825019957449_749352487_nཡིན་ནའང་གནས་སྐབས་སུ་ཁ་ཆེའི་དྲག་སྤྱོད་པས་ཟླ་བ་ལྔ་ཙམ་རིང་འཛིན་བཟུང་བྱས་པའི་བཙོན་པ་རྣམས་གློ་བུར་དུ་གློད་དགོས་པའི་དམིིགས་ཡུལ་ཅི་ཞིག་ཡིན་མིན་ད་ལྟའི་ཆར་ཤེས་རྟོགས་མི་ཐུབ་ཀྱང་། ཀུ་རུ་ཌི་ཤུའི་དམག་དཔོན་ཧྥེ་ཐུ་(Shirko Faith) ཡིས་བཙོན་པ་རྣམས་འཇིགས་སྐུལ་དྲག་སྤྱོད་ཚོགས་པར་རྡོག་ཁྲེས་ཆེན་པོ་ཞིག་ཏུ་གྱུར་པའི་རྐྱེན་གྱིས་གློད་གྲོལ་བཏང་བ་ཡིན་པའི་ཚོད་དཔག་བྱས་པ་དང། ཁོང་གིས་ “ཕལ་ཆེར་བཙོན་པ་རྣམས་ལ་གསོ་སྐྱོང་དང་ལྟ་སྐྱོང་གི་འགྲོ་སོང་འདང་ངེས་བྱུང་མེད་པ་རེད་”ཅེས་བརྗོད་འདུག

འདས་ལོའི་ཕྱི་ཟླ་༨ པའི་ནང་ཁ་ཆེའི་དྲག་སྤྱོད་པས་བཙན་དབང་གིས་ཡཱ་ཛི་ལྡི་ཡི་ལོ་ན་གཞོན་པ་རྣམས་བསད་པ་དང་བུད་མེད་རྣམས་ཚེ་གཡོག་གམ། ཡང་ན་ཚོང་ལས་ཆེད་འཇུ་བཟུང་བྱས་པའི་རྐྱེན་གྱིས་ཡུལ་མི་སྟོང་ཕྲག་མང་པོ་ས་ཆ་གཞན་དུ་བྲོས་བྱོལ་ལ་འགྲོ་དགོས་བྱུང་ཡོད་འདུག་ལ། ད་ལྟའང་ཡུལ་མི་སུམ་སྟོང་ཙམ་ཁ་ཆེའི་དྲག་སྤྱོད་པས་བཙན་འཇུག་བྱས་ཡོད་འདུག།

གསར་འགོད་པ་བསྟན་འཛིན་ཟླ་བ།