གྲོས་ཚོགས་ཀྱི་ལས་རིམ་སྐོར་དང་འབྲེལ་བའི་བགྲོ་གླེང་།
ཟླ་འདིའི་ཚེས་༡ ཉིན་དྷ་ས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་རིམ་སྐོར་ལ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་བོད་ཀྱི་དུས་བབ་གསར་ཁང་ཐུན་མོང་གི་གོ་སྒྲིག་འོག་བགྲོ་གླེང་ཞིག་ཚོགས་ཡོད་པ་རེད།
བགྲོ་གླེང་ལ་གཏམ་བཤད་གནང་མཁན་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན། སྤྱི་འཐུས་རྒྱ་རིགས་ཐར། དེ་བཞིན་དགེ་བཤེས་སེར་སྨད་བློ་དགའ། ཚེ་རིང་ཐག་གཅོད། ཚང་དབྱངས་རྒྱ་མཚོ། བསྟན་འཛིན་ཕུན་ཚོགས་བཅས་ཡིན་པ་རེད།
བགྲོ་གླེང་ཐོག་ཐེངས་འདིའི་གྲོས་ཚོགས་ནང་གི་ལྷན་ཁང་ཁག་གི་ལས་བསྡོམས་དང་འབྲེལ་ཏེ་འཛིན་སྐྱོང་སྐོར་དང་། གྲོས་ཚོགས་ནང་ཆབ་སྲིད་བགྲོ་གླེང་དང་འབྲེལ་ཏེ་བོད་དོན་སྐོར་ཏེ། བོད་ནང་གི་ཆབ་སྲིད་གནས་བབ། བོད་དོན་དང་འབྲེལ་བའི་རྒྱ་ནག་གི་ཆབ་སྲིད། བཙན་བྱོལ་ནང་གི་བོད་དོན་ཆབ་སྲིད་ཀྱི་གནས་བབ། བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་གནས་བབ་བཅས་ཀྱི་སྐོར་ཡིན་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།