གློག་བརྙན་ནང་གི་བོད་པའི་མི་སྣའི་འཁྲབ་ཚན་ཕྱི་རྒྱལ་བས་འཁྲབ་པ།
ཨ་རིའི་གློག་བརྙན་ཞིག་ནང་རྒྱ་ནག་གིས་བཀག་སྡོམ་མི་བྱེད་པའི་ཆེད་དུ། བོད་པའི་མི་སྣའི་འཁྲབ་ཚན་ཞིག་ཨ་རིའི་བུད་མེད་ཅིག་ལ་འཁྲབ་ཏུ་བཅུག་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༢༦ ཉིན་གྱི་རྒྱལ་སྤྱའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ། ཨ་རིའི་གློག་བརྙན་མང་པོའི་ནང་གྲང་ཉུང་མི་རིགས་ཀྱི་མི་སྣའི་འཁྲབ་ཚན་མང་པོ་ཞིག གྲངས་ཉུང་མི་རིགས་མིན་པའི་འཁྲབ་སྟོན་པར་འཁྲབ་ཏུ་བཅུག་གི་ཡོད་པས་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་ཡོད་ཀྱང། གསར་དུ་ཐོན་རྒྱུ་ཡིན་པའི་ཨ་རིའི་གློག་བརྙན་སྨན་པ་ཁྱད་མཚར་ཅན་ཞེས་པའི་ནང་དུ། གནའ་བོའི་མི་ཞེས་པའི་བོད་པའི་མི་སྣའི་འཁྲབ་ཚན་ཞིག་ཡོད་པས། འཁྲབ་ཚན་དེ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་བུད་མེད་ཅིག་ལ་འཁྲབ་ཏུ་བཅུག་ཡོད་འདུག
གློག་བརྙན་དེའི་འཁྲབ་ཚན་འབྲི་པ་པོས། ཁོ་ཚོས་བོད་པའི་མི་སྣའི་འཁྲབ་ཚན་ཆེད་དུ་མངགས་ནས་ཨ་རིའི་འཁྲབ་སྟོན་པ་བུད་མེད་ཅིག་ལ་འཁྲབ་བཅུག་པ་ཡིན་པ་དང། དེ་ཡང་རྒྱ་གཞུང་གིས་འཁང་ར་མི་བྱེད་ཆེད་ཡིན་སྐོར་འགྲེལ་བརྗོད་བྱས་འདུག
འཛམ་གླིང་ནང་གློག་བརྙན་སྟོན་སའི་ཁྲོམས་རྭ་ཆེ་ཤོས་གཉིས་པ་དེ་རྒྱ་ནག་ཡིན་ཁར། ལོ་རེར་རྒྱ་ནག་ནང་རྒྱལ་སྤྱིའི་གློག་བརྙན་༣༤ ལས་སྟོན་བཅུག་མི་འདུག་པས། རྒྱལ་སྤྱིའི་གློག་བརྙན་མང་པོ་ཞིག་རྒྱ་གཞུང་གིས་འདོད་པ་དང་མ་འགལ་བ་བྱེད་ཐབས་བྱེད་ཀྱི་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
