ཆབ་སྲིད་རིག་པའི་འཇུག་སྒོ།

ཉི་ཧོང་གི་ཆབ་སྲིད་དཔྱད་བརྗོད་པ་ཡཱ་བྷད་ཐེས་ཇིས་(Yabe Teiji 1902-1967) བརྩམས་པའི་ཆབ་སྲིད་རིག་པའི་འཇུག་སྒོ་ནི། ཉི་ཧོང་གི་ཐའོ་ཡུན་ཁོ་ཧ་མ་སློབ་གྲྭ་ཆེན་མོའི་དགེ་རྒན་ཆོས་ལྡན་འབུམ་གྱིས་བོད་བསྒྱུར་བྱས་ཏེ། སློབ་དཔོན་ཆེན་མོ་རྒྱ་རི་པདྨ་རྒྱལ་པོས་ཆེད་བརྗོད་བྲིས་ནས། ཉེ་ཆར་བོད་ཀྱི་དཔེ་མཛོད་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས་ཡོད་པ་རེད། རྩོམ་པ་པོའི་སྔོན་འགྲོའི་གཏམ་ནང་། “སྲིད་དོན་རྩོད་གླེང་གི་ནང་དུ་དཀའ་གནད་གང་འཚམས་ཤིག་ཡོད་པ་བརྗེད་མི་རུང་མོད། འོན་ཀྱང་། ཆབ་སྲིད་ཀྱི་ནང་དུའང་ཀུན་ཁྱབ་རང་བཞིན་གྱི་བདེན་པ་ཡོད་པས། དཀའ་ངལ་ཅི་འདྲ་ཞིག་ལ་ཐུག་ཀྱང་གང་ནུས་ཅི་ལྕོགས་ཀྱིས་ཕྱོགས་རིས་དང་ཉེ་རིང་ཆགས་སྡང་གི་ཚོར་བ་སྤངས་ཏེ། ཡིད་དབང་འཕྲོག་པའི་སྐད་ཆ་དང་འབོད་ཚིག་གི་རྒྱབ་ལོགས་སུ་བསྐུངས་ཡོད་པའི་གདོང་རིས་ངོ་མར་དྲང་བདེན་གྱིས་ངོས་འཛིན་བྱ་རྒྱུ་གལ་ཆེ། དེ་ནི་ད་གཟོད་རིག་གཞུང་ཡིན་ལ། དེ་དང་ཁ་བྲལ་ན་ཤེས་ཡོན་མི་འབྱུང་བར་རྣམ་དཔྱོད་ཀྱིས་ཕོངས་པར་འགྱུར་བ་ལས་ཐབས་གཞན་མེད་”ཅེས་གསུངས་འདུག