ཆོས་ཚན་ཟུང་འབྲེལ་གྱི་བགྲོ་གླེང་།

ཟླ་འདིའི་ཚེས་༦ ཉིན་གྱི་དགུང་དྲོ་ཨ་རིའི་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་དང་། འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཚན་རིག་སྡེ་ཚན་དང་།སྒོ་མང་གྲྭ་ཚང་གི་ཚན་རིག་སྡེ་ཚན་བཅས་ཐུན་མོང་གི་གོ་སྒྲིག་འོག ཆོས་ཚན་ཟུང་འབྲེལ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་འཚོགས་ཡོད་པ་རེད།

mundgod_about since 2014བགྲོ་གླེང་དེ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་འཚོགས་ཡོད་པ་དང་། སྐུ་མགྲོན་གཙོ་བོ་བློ་གསལ་གླིང་མཁན་རིན་པོ་ཆེ་དགེ་བཤེས་བློ་བཟང་ཡེ་ཤེས་དང་།བློ་གསལ་གླིང་དགེ་སྐོས་མཁྱེན་རབ་ཆོས་རྒྱལ་གཙོས་འབྲས་སྤུངས་བློ་གསལ་གླིང་དང་།སྒོ་མང་གྲྭ་ཚང་གཉིས་ཀྱི་དཔེ་ཁྲིད་དགེ་རྒན་རྣམ་པ་དང་དགེ་བཤེས་རྣམ་པ།   དེ་བཞིན་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་ནས་གདན་ས་ཆེན་པོ་དགའ་འབྲས་གཉིས་སུ་ཚན་རིག་སློབ་ཁྲིད་ཆེད་དུ་ཕེབས་པའི་སྐྱེ་དངོས་ཚན་རིག་གི་སློབ་དཔོན་ཆེན་པོ་སྐུ་ཞབས་ཨ་རི་ཨེ་སེན་གྱིས་གཙོས་སྐྱེ་དངོས་ཚན་རིག་གི་སློབ་དཔོན་ཁག་ཅིག་ཆེད་དུ་བགྲོ་གླེང་ཐོག་ཕེབས་ཡོད་པ་རེད།

mundgod about since 2014བགྲོ་གླེང་འདིའི་གཙོ་སྐྱོང་བ་ཨ་རི་ཧར་ཝར་ཌ་གཙུག་ལག་སློབ་ཁང་ནས་ཕེབས་པའི་དབང་རྩའི་ཚན་རིག་གི་སློབ་དཔོན་གྷ་ཡལ་དང་།ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་ལོ་ཙྭ་བ་བརྩོན་འགྲུས་བསམ་འཕེལ་གྱིས་སྐད་བསྒྱུར་གནང་བའི་ཐོག ནུབ་ཕྱོགས་ཚན་རིག་པ་ཚོར་ནང་ཆོས་ངོ་སྤྲོད་དམ་བགྲོ་གླེང་གཏམ་བཤད་གནང་མཁན་གེ་བཤེས་ལྷ་རམས་པ་དམ་ཆོས་རྒྱལ་མཚན་དང་།དགེ་བཤེས་ལྷ་རམས་པ་གྲགས་པ་འཇིགས་མེད་གཉིས་ཕེབས་ནས་སྐྱེ་བ་སྔ་ཕྱི་དང་།བྱང་ཆུབ་ཀྱི་སེམས་སོགས་ཀྱི་སྐོར་ལ་ཕན་ཚུན་དྲི་བ་དྲིས་ལན་གྱི་སྒོ་ནས་བགྲོ་གླེང་གནང་སོང་། པར་ལེན་ཆེད་མཁས་པ་ཁེ་རོ་བྷེ་ཀི་ནས་བརྙན་པར་ལེན་པ་དང་སྒྲ་འཇུག་ཕབས་ལེན་བཅས་བྱེད་བཞིན་ཡོད་པ་མ་ཟད།   ཁུ་ནུ་དགེ་བཤེས་བློ་བཟང་བསྟན་འཛིན་དང་དབང་རྩ་ཚན་རིག་པ་གྷ་ཡལ་གཉིས་ཀྱི་གདན་ས་གསུམ་དུ་ཚན་རིག་སློབ་གཉེར་བྱེད་ཕྱོགས་སྐོར་ལ་ཉམས་ཞིབ་བྱེད་བཞིན་ཡོད་འདུག

བགྲོ་གླེང་དང་ཉམས་ཞིབ་བྱེད་དགོས་དོན་གཙོ་བོ་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་དགེ་རྒན་ཚོའི་ཆེད་དུ་ཡིན་འདུག་པས། དགེ་བཤེས་རྣམས་ཀྱི་དྲིས་ལན་རྣམས་ཡིག་ཐོག་ཏུ་ཕབ་ནས་པར་བསྐྲུན་འགྲེམས་སྤེལ་བཟོ་འཆར་ཡང་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

དེ་ཡང་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གཉིས་ཟུང་འབྲེལ་གྱི་གོ་སྒྲིག་འོག ཟླ་བ་གཅིག་རིང་གདན་ས་དགའ་འབྲས་གཉིས་དང་།སེ་ར་བཅས་སུ་ནུབ་ཕྱོགས་ཚན་རིག་གི་ལྟ་གྲུབ།དེང་རབས་སྐྱེ་དངོས་ཚན་རིགདབང་རྩ་ཚན་རིག   དངོས་ཁམས་ཚན་རིག་བཅས་ཀྱི་སྐོར་སློབ་ཁྲིད་བྱེད་བཞིན་ཡོད་འདུག

ཟབ་སྦྱོང་འདིའི་དམིག་ཡུལ་གཙོ་བོ་ནི་༢༠༡༨ལོར་དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་ནང་དུ་དེང་རབས་ཚན་རིག་གི་སློབ་ཚན་ཁ་སྐོང་གི་ཚུལ་དུ་འཇོག་གཏན་ཁེལ་བར་བརྟེན། ཁུ་ནུ་དགེ་བཤེས་བློ་བཟང་བསྟན་འཛིན་དང་།རྡ་ས་བོད་ཀྱི་དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་གཉིས་ཀྱིས་ཐུགས་ཁུར་གཙོ་བཞེས་ཀྱིས་ཨ་རི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་ནས་ལོ་ངོ་དྲུག་གི་རིང་ལོ་རེར་དབྱར་ཁའི་ཟླ་བ་གཅིག་གི་རིང་དེང་རབས་ཚན་རིག་གི་ཟབ་སྦྱོང་སྤྲོད་རྒྱུར་གཏན་ཁེལ་བྱས་པ་ཞིག་རེད་འདུག    །

ལྷོ་ཕྱོགས་གསར་འགོད་པས།